ས་གཡོ་བའི་འཇིགས་པ།

                 ----------ཉི་ཧོང་བར་བསྔོས་པ།

རྒྱ་མཚོ་ཆེན་པོའི་དཀྱིལ་གྱི་ཉི་ཧོང་བ    ཤོག་བུ་བཞིན་ཆུ་ལ་ལྷུང་བ་མཐོང་དུས
སེམས་པའི་གཏིང་གི་རྒྱ་མཚོ་འཕྱུར་ནས   སྙིང་ཆུང་འདི་ཁང་བ་བཞིན་འགྱེལ་འགྲོ་ཨང
མེ་དང་ཆུ་ཞེས་པའི་འཇིགས་པ་འདི་དག    རལ་གྲི་མང་བོ་འབབ་པའི་ཟུག་རྔུ་བཞིན
མི་འདི་དག་གི་ཤ་སྐྱི་སྙི་མོ་ལ་དྲག་ཏུ་ཟུག་པའི་སྐད་ཅིག་མར 
ཁོ་བོས    ཉི་ཧོང་བ་རྣམས་ཉ་ཞིག་ཡིན་ན་བསམ་བྱུང
དེ་ལས་ཀྱང    རྡོ་དང་ལྕགས་གང་རུང་ཞིག་ཡིནའང་བསམ་བྱུང་།  
རྒྱ་མཚོ་ཆེན་པོའི་དཀྱིལ་གྱི་ཉི་ཧོང་བ     ཤོག་བུ་བཞིན་མེ་ཡིས་འཚིག་པ་མཐོང་དུས
སེམས་པའི་གཏིང་གི་མེ་དཔུང་འབར་ནས   སྡུག་བསྔལ་དག་གས་ཀ་བཞིན་མཆེད་འགྲོ
ས་དང་རླུང་ཞེས་པའི་འཇིགས་པ་འདི་དག    དུག་གི་རྡུལ་ཉིང་གྱི་རླབས་ཕྲེང་ཇི་བཞིན
མིའི་ཤ་དང་ཁྲག་ལ་འདྲེས་ནས་ལུས་ལ་ཁྱབ་པའི་སྐད་ཅིག་མར
ཁོ་བོས   ཉི་ཧོང་བ་རྣམས་ནམ་མཁའ་ཡིན་ན་བསམ་བྱུང་
དེ་ལས་ཀྱང      ངར་ཤུགས་དང་སྙིང་སྟོངས་གང་རུང་ཞིག་ཡིནའང་བསམ་བྱུང་། 
རྒྱ་མཚོ་ཆེན་པོའི་དཀྱིལ་གྱི་ཉི་ཧོང་བ     ཞིག་རལ་གྱིས་གཏོར་ནས་རྗེས་ཤུལ་དུ་གྱུར་དུས
དྲན་པའི་ངོས་ཀྱི་གཟི་བརྗིད་ཉམས་ནས     སྙིང་རྗེ་སེམས་པའི་གསེང་ནས་ཐུལ་ཡོང་ལ
བར་ཆད་དང་རྐྱེན་ངན་གྱི་འཇིགས་པ་འདི་དག    ཆབ་སྲིད་ཀྱི་སྨྲ་ལྕེ་བཞིན་གང་སར་རྐྱོང་དུས
ཁོ་བོས་ཉི་ཧོང་བ་རྣམས      མིའི་ནང་གི་མི་ཡིན་པ་ཤེས་ལ 
དེ་ལས་ཀྱང    སྟོབས་ཤུགས་དང་སྤོབས་པ་ཡིན་པའང་ཤེས་ཡོད།  
      ༢༠༡༡ལོའི་ཟླ༣པའི་ཚེས་༡༡ཉིན་ཉི་ཧོང་དུ་ས་གཡོ་བའི་འཇིགས་པ་ལས་རྒྱ་མཚོ་འཕྱུར་ཏེ་དུད་ཁྱིམ་སྟོང་ཕྲག་མང་བོ་འཁྱུར་མིད་དུ་བཏངས་པ་ཟད།   ཚེ་སྲོག་བགྲང་གིས་མི་ལངས་པ་བརླགས་ཤིང་སྔོན་ན་མེད་པའི་གྱོང་གུད་བཟོས་ཡོད་པས།  ཁོ་བོས་དེ་དག་ལ་མྱ་ངན་གྱི་ཕྱིར་ཏུ་སྙན་ཚིག་འདི་བྲིས་པ་ལགས།   
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་གཡོ་བའི་འཇིགས་པ།

2011-04-26 ཨ་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།