འོན་ཀྱང་།
ས་ཆ་གང་དུ་ཡང་འབུ་ཞིག་ཡོད
འབུ་གང་ལའང་སྲོག་ཅིག་ཡོད
འོན་ཀྱང ང་ཚོས་རང་ཉིད་ཁོ་ན་རུམ་ནས་རྨི་ལམ་རྨི
སྐྱིད་སྡུག གཡང་གཟར་ནས་ལྷུང་འགྲོ་བའི་ཕྱེ་མ་ལེབ་ཁྲ་བོ་དེའི་གཤོག་པའམ་ཁྱོད་ཀྱི་ལང་ཚོ
ལེ་ལོ དུས་ཚོད་ཟད་འགྲོ་བའི་རོལ་མོའམ་ཁྱོད་ཀྱི་གདོང་ལ་བྲིས་པའི་རི་མོ
མིའི་རིགས་འབུ་ཞིག་གི་འཚབ་ཏུ་ད་དུང་ནར་སོན་དགོས་སམ
འབུ་དེ་ནི་ཁྱོད་ཀྱི་མདུན་ལྗོངས་ཀྱི་རང་བྱུང་ཁམས་ཆེན་མོ
རང་བྱུང་ཁམས་དེ་ནི་མིའི་རིགས་ཀྱིས་ལོངས་སྤྱོད་བྱེད་ཀྱིན་པའི་ཚེ་སྲོག
མཚམས་ལན་རེར་ཁོ་ཚོ་ཡང་ཤོག་བུ་དང་སྣག་ཚར་འདྲེས་ནས་འཕག་འཚག་བྱེད
ས་རུབ་པ་ནས་ཟླ་བ་ཡང་སྐར་ཚོགས་ཀྱི་ཁྲོད་དུ་འཛུམ
ནམ་ལངས་པ་ནས་ཉི་མ་ཡང་འོད་སྣང་གི་ཁེངས་ནས་ཡོད
འོན་ཀྱང འཐབ་འཁྲུག་ད་དུང་མདུན་དང་རྒྱབ་ཏུ
༢༠༡༡ལོའི་ཟླ༤བའི་ཚེས༨ཀྱི་དགོང་མོར་རྨོག་རུའི་དཔེ་ཁང་ནས།
རྩོམ་ཁུངས། ངེད་དྲ་བ།