བདག་གི་སྐྲ་ལོ།
བདག་གི་སྐྲ་ལོ
ཁ་ཚུབ་ལས་མཆེད་པའི་དུ་བ་གཉོམ་པོ
གྱེན་ཏུ་འབར་བའི་མེ་ལྕེ་ནག་པོ
ཆག་འཇིག་ལག་པས་བསུབ་ཤུལ་གྱི་རྨ་ཁ་གསོན་པོ་ཞིག
བདག་གི་སྐྲ་ལོ
དབྱངས་ཅན་མའི་སོར་རྩེ་ནས་ཆད་སོང་བའི
པོ་ཏ་ལའི་རྨུ་ཐག་བྱས་མྱོང་བའི
རླུང་གི་གསེབ་ནས་དབྱངས་རྟ་འཐོར་ཡོང་བའི
མི་ཚོགས་ཀྱི་མཐོང་སྣེ་ན་དང་ལེན་མེད་པའི
མེས་པོ་རལ་བ་ཅན་ཚོ་དྲན་སྟངས་ཞིག
བདག་གི་སྐྲ་ལོ
ཆུང་མའི་ཁེར་རྐྱང་གི་གླུ་སྒྲ
ང་ཡི་ཁ་སང་གི་བྱུང་བ
སྙན་ངག་མེད་པའི་མཚན་མོ་དེའི་ངོ་གདོང
བདག་གི་སྐྲ་ལོ
འོད་ཀྱི་ཟེགས་མ
ལྷན་སྐྱེས་ཀྱི་མཛེས་སྡུག
ཁྱོད་རང་འཇིག་རྟེན་འདིར་ཐོན་པ་ཁྲིམས་དང་འགལ་འདུག
བདག་གི་སྐྲ་ལོ
འཁྲུངས་སྐར་ནི་འདས་སྐར་ཡིན་པའི
--------བདག་གི་སྐྲ་ལོ
-----------མྱ་ངན་ཞུ
རྩོམ་ཁུངས། ངེད་དྲ་བ།