ཕ་ཡུལ་མར་ཐང་།

 

རི་མཐོན་པོ་སྤྲིན་དཀར་ཐོར་ཅོག་ཅན།།
ངའི་མེས་པོའི་བླ་རི་སྨུག་པོ་དེ།།
སྟག་ཤ་ར་འབུམ་གྱི་དགྲ་ལྷ་ཡིན།།
རི་འདི་ཡི་ངོ་སོ་ཡར་ལ་བསྟོད།།
 
སྤང་ལྗང་ལོ་གཡུ་ཡི་གོས་ལྭ་ཅན།།
རྟ་ནོར་ལུག་ཤ་ཤེད་རྒྱས་སའི་གནས།།
འབྲི་ཐུལ་མའི་འོ་དྲི་འཐུལ་བའི་ཡུལ།།
སྤང་འདི་ཡི་ངོ་སོ་ཡར་ལ་བསྟོད།།
 
ཆུ་དྭངས་མ་བདུད་རྩིའི་ངོ་བོ་ཅན།།
དམངས་ལུས་སེམས་གསོ་བའི་ལྷ་ཆབ་ཉིད།།
ཉ་གསེར་མིག་གཤོག་རྩལ་ངོམ་པའི་ཡུལ།།
ཆུ་འདི་ཡི་ངོ་སོ་ཡར་ལ་བསྟོད།།
 
སྡེ་ཆེན་པོ་འབྲོག་སྡེ་གཤའ་མ་ཞིག།
མི་ཡག་པོ་པུར་རྒྱལ་རྒྱུད་པ་དེ།།
བོད་རིག་བཅུའི་འོད་ཟེར་འཕྲོས་པའི་ལྗོངས།།
སྡེ་འདི་ཡི་ངོ་སོ་ཡར་ལ་བསྟོད།།
                   2011/4/7/ཉིན་ཟི་ལིང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་མར་ཐང་།

2011-04-21 སྨག་འཇོམས། ཀློག་གྲངས། མཆན ཡོད།

 

རི་མཐོན་པོ་སྤྲིན་དཀར་ཐོར་ཅོག་ཅན།།
ངའི་མེས་པོའི་བླ་རི་སྨུག་པོ་དེ།།
སྟག་ཤ་ར་འབུམ་གྱི་དགྲ་ལྷ་ཡིན།།
རི་འདི་ཡི་ངོ་སོ་ཡར་ལ་བསྟོད།།
 
སྤང་ལྗང་ལོ་གཡུ་ཡི་གོས་ལྭ་ཅན།།
རྟ་ནོར་ལུག་ཤ་ཤེད་རྒྱས་སའི་གནས།།
འབྲི་ཐུལ་མའི་འོ་དྲི་འཐུལ་བའི་ཡུལ།།
སྤང་འདི་ཡི་ངོ་སོ་ཡར་ལ་བསྟོད།།
 
ཆུ་དྭངས་མ་བདུད་རྩིའི་ངོ་བོ་ཅན།།
དམངས་ལུས་སེམས་གསོ་བའི་ལྷ་ཆབ་ཉིད།།
ཉ་གསེར་མིག་གཤོག་རྩལ་ངོམ་པའི་ཡུལ།།
ཆུ་འདི་ཡི་ངོ་སོ་ཡར་ལ་བསྟོད།།
 
སྡེ་ཆེན་པོ་འབྲོག་སྡེ་གཤའ་མ་ཞིག།
མི་ཡག་པོ་པུར་རྒྱལ་རྒྱུད་པ་དེ།།
བོད་རིག་བཅུའི་འོད་ཟེར་འཕྲོས་པའི་ལྗོངས།།
སྡེ་འདི་ཡི་ངོ་སོ་ཡར་ལ་བསྟོད།།
                   2011/4/7/ཉིན་ཟི་ལིང་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།