ཁྱི།

ཁྲག་སྙུག༼དངུལ་རྭ་ལྷ་སྡེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-15


ཚུལ་འཆོས་དང་རྫུ་བག་གིས་གནམ་ས་སྐྱོམས་པའི
དུས་རབས་འདིའི་སྒལ་སྟེང་ནས
རྒྱུ་འབྲས་དང་བདེན་དོན་གྱི་ཁ་མདོག་བོར་བའི་
མི་རབས་འདིའི་རྐང་འོག་ནས
ང་ནི་ང་སྟེ   ངོ་སོ་དང་དབང་ཐང་བྲལ་བའི་ཁེར་རྐྱང་གི
          རྣམ་ཤེས་རྨས་མ་ཞིག
ང་ནི་ང་སྟེ   ལས་བསོད་དང་རླུང་རྟ་དབེན་པའི་དམར་མདོག་གི་
          ཚེ་སྲོག་ཤི་བོ་ཞིག

ཨ   གནམ་སྔོན་པོའི་མིག་གཉིས་ཞར་སོང་བ་མིན་ན
ས་ཆེན་པོའི་རྣ་བ་འདི་འོན་སོང་བ་མིན་ན
བཙན་ཤེད་དང་བརྙས་བཞག་གི་མཆེ་བར་ལྷུང་བའི་རྨ་ཁ་འདིར་གཟིགས་རན་རེད
དམའ་འབེབ་དང་མཐོང་ཆུང་གི་སོ་ཁར་གཅར་བའི་འོ་དོད་འདིར་ཉན་ཚོད་རེད

ལྕགས་ཐག་འདོམ་གང་གི་སྣེ་ན
ལྟོ་ལུད་ཕོར་གང་གི་འགྲམ་ན
ཚེ་སྲོག་འདི་གཏའ་མར་བཞག་པའི་ང་ལ་ཅི་ཡང་མེད་དེ
ཅི་ཡང་དགོས་པའང་མ་རེད
 ་ ་ ་ ་ ་ ་
དཔའ་ངར  སྙིང་སྟོབས  ཟུངས་ཁྲག
ང་ད་དུང་སྦྲ་མཐའ་ན་གཟི་བརྗིད་ཀྱིས་འགྱིང་ཡོད
ན་ཟུག  བཀྲེས་སྐོམ  འཚེ་བ
ང་ད་དུང་ལུག་མཐའ་ན་གཟབ་ནན་གྱིས་འགྲེང་ཡོད
   ་་་་་ཨ་ཤུ་རེ་ཀོ་་་་་

རྒྱུ་འབྲས་རྒྱུ་འབྲས་ཟེར་མཁན་གྱི་ཁྱིམ་བདག་མ་དེས
རྒྱུ་འབྲས་དང་རྒྱུ་འབྲས་བརྩེག་བརྩེག་ནས
རྒྱུ་འབྲས་མ་ཡིན་པའི་ང་ལ་ཟས་སྐལ་བཅད་ཐལ
སྙིང་རྗེ་སྙིང་རྗེ་འདོན་མཁན་གྱི་འགྲུལ་བ་ཆ་མེད་དེས
སྙིང་རྗེ་དང་སྙིང་རྗེ་སྡེབ་སྡེབ་ནས
སྙིང་རྗེ་མ་ཡིན་པའི་ང་ལ་དབྱུག་པ་གཞུས་ཐལ

ངས་ཅི་ལྟར་བཤད་ཀྱང
ངས་གང་ལྟར་བོས་ཀྱང
བདེན་དོན་བྲལ་བའི་དུས་རབས་འདི་བེམ་རོ་ཞིག་རེད
བརྩེ་བ་བོར་བའི་གནམ་ས་འདི་མདོག་མེད་ཅིག་རེད
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱི།

2011-06-15 ཁྲག་སྙུག༼དངུལ་རྭ་ལྷ་སྡེ༽ ཀློག་གྲངས། མཆན ཡོད།


ཚུལ་འཆོས་དང་རྫུ་བག་གིས་གནམ་ས་སྐྱོམས་པའི
དུས་རབས་འདིའི་སྒལ་སྟེང་ནས
རྒྱུ་འབྲས་དང་བདེན་དོན་གྱི་ཁ་མདོག་བོར་བའི་
མི་རབས་འདིའི་རྐང་འོག་ནས
ང་ནི་ང་སྟེ   ངོ་སོ་དང་དབང་ཐང་བྲལ་བའི་ཁེར་རྐྱང་གི
          རྣམ་ཤེས་རྨས་མ་ཞིག
ང་ནི་ང་སྟེ   ལས་བསོད་དང་རླུང་རྟ་དབེན་པའི་དམར་མདོག་གི་
          ཚེ་སྲོག་ཤི་བོ་ཞིག

ཨ   གནམ་སྔོན་པོའི་མིག་གཉིས་ཞར་སོང་བ་མིན་ན
ས་ཆེན་པོའི་རྣ་བ་འདི་འོན་སོང་བ་མིན་ན
བཙན་ཤེད་དང་བརྙས་བཞག་གི་མཆེ་བར་ལྷུང་བའི་རྨ་ཁ་འདིར་གཟིགས་རན་རེད
དམའ་འབེབ་དང་མཐོང་ཆུང་གི་སོ་ཁར་གཅར་བའི་འོ་དོད་འདིར་ཉན་ཚོད་རེད

ལྕགས་ཐག་འདོམ་གང་གི་སྣེ་ན
ལྟོ་ལུད་ཕོར་གང་གི་འགྲམ་ན
ཚེ་སྲོག་འདི་གཏའ་མར་བཞག་པའི་ང་ལ་ཅི་ཡང་མེད་དེ
ཅི་ཡང་དགོས་པའང་མ་རེད
 ་ ་ ་ ་ ་ ་
དཔའ་ངར  སྙིང་སྟོབས  ཟུངས་ཁྲག
ང་ད་དུང་སྦྲ་མཐའ་ན་གཟི་བརྗིད་ཀྱིས་འགྱིང་ཡོད
ན་ཟུག  བཀྲེས་སྐོམ  འཚེ་བ
ང་ད་དུང་ལུག་མཐའ་ན་གཟབ་ནན་གྱིས་འགྲེང་ཡོད
   ་་་་་ཨ་ཤུ་རེ་ཀོ་་་་་

རྒྱུ་འབྲས་རྒྱུ་འབྲས་ཟེར་མཁན་གྱི་ཁྱིམ་བདག་མ་དེས
རྒྱུ་འབྲས་དང་རྒྱུ་འབྲས་བརྩེག་བརྩེག་ནས
རྒྱུ་འབྲས་མ་ཡིན་པའི་ང་ལ་ཟས་སྐལ་བཅད་ཐལ
སྙིང་རྗེ་སྙིང་རྗེ་འདོན་མཁན་གྱི་འགྲུལ་བ་ཆ་མེད་དེས
སྙིང་རྗེ་དང་སྙིང་རྗེ་སྡེབ་སྡེབ་ནས
སྙིང་རྗེ་མ་ཡིན་པའི་ང་ལ་དབྱུག་པ་གཞུས་ཐལ

ངས་ཅི་ལྟར་བཤད་ཀྱང
ངས་གང་ལྟར་བོས་ཀྱང
བདེན་དོན་བྲལ་བའི་དུས་རབས་འདི་བེམ་རོ་ཞིག་རེད
བརྩེ་བ་བོར་བའི་གནམ་ས་འདི་མདོག་མེད་ཅིག་རེད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།