སྨུག་པ།
ལག་པས་རེག་ཏུ་མེད་ཅིང་སེམས་ལ་གཤོང་བར་མི་ནུས་པའི
མཁའ་ཡི་སྨུག་པ་འདི་སྤྲིན་དཀར་གྱི་བཏང་བའི་རྟུག་དྲི་ཡིན
དུས་ཚོད་འགྲོ་ཤག་ཤག་གི་བར་དུ
ཉི་ཟླའི་འཁོར་བསྐྱོད་ལ་ཞིབ་ལྟ་ཞིག་བྱེད་ཁོམ་རྩད་ནས་མེད་ཕྱིར
སྨུག་པའི་སྟེང་གི་ཉི་ཟླ་ད་རུང་གསལ་ལེར་འཆར་རམ
མཚན་མོ་འདིར་སྒོ་མོ་ཕྱི་ལ་ཕྱེ་སྟེ
བདག་གིས་ཁོ་མོར་སྒུག་ནས་སྒུག་ཀྱང
ས་ཐག་ཆོད་པའི་རི་ཚོགས་ཀྱི་སྟོང་ན
སྨུག་སྤྲིན་ཀློང་གི་ཉི་ཟླ་དེ་གང་དུ་འཚེར་ཡོད
ཡང་ན ལག་པས་རེག་ཐོགས་བྲལ་བའི་ཁོ་མོ
སྤྲིན་དཀར ཉི་ཟླ སེམས་ངོ
ཡོད་ཚད་གང་དུ་ཡོད
ཡོད་ཚད་གང་དུ་ཡོད
༢༠༡༡ལོའི་ཟླ་༥ཚེས་༢༨ཉིན་བྲིས།
རྩོམ་ཁུངས། ངེད་དྲ་བ།