ཤེས་མེད་ཚོར་མེད་ངང་།

དུང་བུ་ཆོས་འབུམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-12


ཨ་ཕས་བསླེས་བའི་གསེར་གྱི་འབོལ་གདན་དེ  ཤེས་མེད་ཚོར་མེད་ངང་ནས་བོར་སོང
ཨ་མས་ཕུལ་བའི་དངུལ་གྱི་ལྭ་བ་དེ  ཤེས་མེད་ཚོར་མེད་ངང་ནས་ཕུད་སོང
ཆང་ཕོར་དང་མཛའ་མོ་ལ་གླན་པའི་སྐད་ཆ་ཁ་དོག་ཅན་དེ་དག
ད་ལྟ་ཡོངས་སུ་རོལ་གྱིན་པའི་རྡོ་བའི་སྲ་མཁྲེགས་ཅན་ཡིན་ན
སེམས་ཀྱི་ཨ་ལོང་ལ་གས་ཁ་ཤོར་བའི་ཤོག་ངོས་ན་སུ་ཡོད་དམ
ཚོར་བའི་མེ་ཁ་ན་གསོ་བའི་སྨྱུག་གུའི་མགྲོན་པོ་དེ་སུ་ཡིན་ནམ

དམར་པོ་རིའི་སེམས་པའི་ཡང་རྩེ་ནས་པོ་ཏ་ལ་ཞིག་ཞིབ་ཀྱིས་བཞེངས་ནས
ཁྲག་རྩའི་སྦུབས་ལམ་ལ་དྲངས་བའི་ལྷ་ས་དེ་ནི
ད་གཟོད་སྨྱུག་གུའི་མགྲོན་པོ་ཡིན་འདུག
ཁ་བས་བརླན་པའི་སེམས་ངོགས་ཀྱི་རླངས་པ་ལང་ལོང་ནི
ད་ལྟ་ཤོག་ངོས་ན་འགྱུ་བའི་རོལ་དབྱངས་ཐེངས་གཅིག་གི་མྱོང་བ་ཡིན་འདུག
 
ར་བཟི་བའི་མཚན་མོ་དག་གི་གྲོགས་པོའི་རུམ་ཁ་ནས
མཛའ་མོའི་སྔས་འགྲམ་ནས   ཤེས་མེད་ཚོར་མེད་ཀྱི་དབང་གིས
བདག་གིས་མིག་ཟུང་གི་རྣོ་དབལ་མུན་ནག་ལ་བརྡབ་རུང
མཚན་མོའི་དཀར་ངོགས་ནས་བལྟས་བལྟས་རིག་རིག་ལ་མེད་སོང་བ་དེའང
ཤ་སྐྱི་ལ་འཐིམ་པའི་འཇབ་རྒོལ་དེ་མ་ཡིན་ནམ

འཇག་མའི་ངུ་འབོད་ཀྱིས་དྲངས་བའི་རྩྭ་ཐང་དང
སྤྱང་ཀིས་འོ་དོད་ཀྱིས་བསྒོས་བའི་གངས་རི་ལ
མགོ་སྔ་ཆ་ཚང་ཞིག་བསྒྲིགས་པའི་ཤོག་ལྷེ་དག
ཕོར་བའི་ཁ་དང་ཆང་དམ་གྱི་ནང་ནས
ཤེས་མེད་ཚོར་མེད་ངང་དབུགས་ཀྱིས་གཅུད་ཤུལ་ན

རྩྭ་ཐང་དང་གངས་རི་ནི་སུ་ཞིག་གི་སྐྱུགས་རོ་དང་འདྲེས་བའི
དྲན་སྣང་གི་ཟུག་རྔུ་རྐྱང་རྐྱང་རེད
 གླུ་སྐད་ཀྱིས་བསླུས་བའི་ཕ་ས་སྐྱ་བོ་འདིར
དད་སྣང་གིས་བསློགས་པའི་རང་ཁྱིམ་དྲོན་མོ་འདིར
དཀོན་མཆོག་གི་མིག་ཆུས་སྐོམས་པ་བསལ་ནས
ཤེས་མེད་ཚོར་མེད་ངང  རང་ཉིད་ཡོངས་སུ་དཀྲོལ་རྗེས
བདག་གིས་ཨ་ཕ་བཙལ་ནས་རི་ལུང་མྱུལ་མྱོང
བདག་གིས་ཨ་མ་བཙལ་ནས་ནགས་ལ་ཆས་མྱོང
                    ༢༠༡༡ ༠༣ ༢༣ ཉིན་རེབ་གོང་ནས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤེས་མེད་ཚོར་མེད་ངང་།

2011-06-12 དུང་བུ་ཆོས་འབུམ་རྒྱལ། ཀློག་གྲངས། མཆན ཡོད།


ཨ་ཕས་བསླེས་བའི་གསེར་གྱི་འབོལ་གདན་དེ  ཤེས་མེད་ཚོར་མེད་ངང་ནས་བོར་སོང
ཨ་མས་ཕུལ་བའི་དངུལ་གྱི་ལྭ་བ་དེ  ཤེས་མེད་ཚོར་མེད་ངང་ནས་ཕུད་སོང
ཆང་ཕོར་དང་མཛའ་མོ་ལ་གླན་པའི་སྐད་ཆ་ཁ་དོག་ཅན་དེ་དག
ད་ལྟ་ཡོངས་སུ་རོལ་གྱིན་པའི་རྡོ་བའི་སྲ་མཁྲེགས་ཅན་ཡིན་ན
སེམས་ཀྱི་ཨ་ལོང་ལ་གས་ཁ་ཤོར་བའི་ཤོག་ངོས་ན་སུ་ཡོད་དམ
ཚོར་བའི་མེ་ཁ་ན་གསོ་བའི་སྨྱུག་གུའི་མགྲོན་པོ་དེ་སུ་ཡིན་ནམ

དམར་པོ་རིའི་སེམས་པའི་ཡང་རྩེ་ནས་པོ་ཏ་ལ་ཞིག་ཞིབ་ཀྱིས་བཞེངས་ནས
ཁྲག་རྩའི་སྦུབས་ལམ་ལ་དྲངས་བའི་ལྷ་ས་དེ་ནི
ད་གཟོད་སྨྱུག་གུའི་མགྲོན་པོ་ཡིན་འདུག
ཁ་བས་བརླན་པའི་སེམས་ངོགས་ཀྱི་རླངས་པ་ལང་ལོང་ནི
ད་ལྟ་ཤོག་ངོས་ན་འགྱུ་བའི་རོལ་དབྱངས་ཐེངས་གཅིག་གི་མྱོང་བ་ཡིན་འདུག
 
ར་བཟི་བའི་མཚན་མོ་དག་གི་གྲོགས་པོའི་རུམ་ཁ་ནས
མཛའ་མོའི་སྔས་འགྲམ་ནས   ཤེས་མེད་ཚོར་མེད་ཀྱི་དབང་གིས
བདག་གིས་མིག་ཟུང་གི་རྣོ་དབལ་མུན་ནག་ལ་བརྡབ་རུང
མཚན་མོའི་དཀར་ངོགས་ནས་བལྟས་བལྟས་རིག་རིག་ལ་མེད་སོང་བ་དེའང
ཤ་སྐྱི་ལ་འཐིམ་པའི་འཇབ་རྒོལ་དེ་མ་ཡིན་ནམ

འཇག་མའི་ངུ་འབོད་ཀྱིས་དྲངས་བའི་རྩྭ་ཐང་དང
སྤྱང་ཀིས་འོ་དོད་ཀྱིས་བསྒོས་བའི་གངས་རི་ལ
མགོ་སྔ་ཆ་ཚང་ཞིག་བསྒྲིགས་པའི་ཤོག་ལྷེ་དག
ཕོར་བའི་ཁ་དང་ཆང་དམ་གྱི་ནང་ནས
ཤེས་མེད་ཚོར་མེད་ངང་དབུགས་ཀྱིས་གཅུད་ཤུལ་ན

རྩྭ་ཐང་དང་གངས་རི་ནི་སུ་ཞིག་གི་སྐྱུགས་རོ་དང་འདྲེས་བའི
དྲན་སྣང་གི་ཟུག་རྔུ་རྐྱང་རྐྱང་རེད
 གླུ་སྐད་ཀྱིས་བསླུས་བའི་ཕ་ས་སྐྱ་བོ་འདིར
དད་སྣང་གིས་བསློགས་པའི་རང་ཁྱིམ་དྲོན་མོ་འདིར
དཀོན་མཆོག་གི་མིག་ཆུས་སྐོམས་པ་བསལ་ནས
ཤེས་མེད་ཚོར་མེད་ངང  རང་ཉིད་ཡོངས་སུ་དཀྲོལ་རྗེས
བདག་གིས་ཨ་ཕ་བཙལ་ནས་རི་ལུང་མྱུལ་མྱོང
བདག་གིས་ཨ་མ་བཙལ་ནས་ནགས་ལ་ཆས་མྱོང
                    ༢༠༡༡ ༠༣ ༢༣ ཉིན་རེབ་གོང་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།