སྒེའུ་ཁུང་།
སྒེའུ་ཁུང་སྒེའུ་ཁུང་ཡིན་ཡང་རུང
སྒེའུ་ཁུང་ལས་བཞུར་བའི་འཇིག་རྟེན་དེ་འཕྲུལ་སྣང་གིས་བསླུས་ཡོང
སྒེའུ་ཁུང་མིག་གི་ལོངས་སྤྱོད་དུ་གྱུར་བ་ནས
ཡ་ཐོད་ན་ལྕེབས་ལ་ཉེ་བའི་མིག་ཟུང་སྒོར་སྒོར་གཉིས
ཤྰཀྱ་ཐུབ་པའམ གནམ་བདག་ཡེ་ཤུ ཡང་ན་སྦྲང་རྩི་བློ་གྲོས་གང་གིས
དད་པའི་ལྕགས་ཀྱུ་ལ་དུངས་དྲགས་པའི་སེམས་ཅན་ཚོར
སྟོན་པས་གསུངས་པའི་སངས་རྒྱས་བྱང་སེམས་ཀྱི་ས
གནམ་བདག་གིས་བསྩལ་པའི་མགོན་སྐྱབས་ཀྱི་མྱུ་གུ
སྦྲང་རྩི་བློ་གྲོས་ཀྱིས་བསྟན་པའི་དག་ཞིང་གི་ལམ
ད་དུང འཇིག་རྟེན་ལས་འདས་པའི་ལྷ་ཚོགས་ཀྱིས་བཞེངས་པའི
རི་རྭ་བ་ཁང་ཁྱིམ་ཙམ་མ་ཡིན་པར
ཐར་བ་འཚོལ་བའི་སེམས་ཀྱི་སྒེའུ་ཁུང་དེ་ཡིན་དུ་བཅུག་སོང
སྒེའུ་ཁུང་སྒེའུ་ཁུང་ཡིན་ཡང་རུང
སྒེའུ་ཁུང་མིག་གི་སྒེའུ་ཁུང་དུ་གྱུར་བ་ནས་བཟུང
མིག་ཟུང་སེམས་ཀྱི་སྒེའུ་ཁུང་དང་ངོ་བོ་དབྱེར་མེད་དུ་འཐིམས
རྩོམ་ཁུངས། ངེད་དྲ་བ།