སློག་པ་གྱོན་པའི་མེ་ཏོག
སྐར་ཚོགས་ཁྲུས་ལ་རོལ
སྤྲིན་པ་དང་མེ་ཏོག་གཞན་དག་ཀྱང
ནུབ་རླུང་ལྡང་བས
གཡུ་སྦྲང་དག་སྐྱེད་ཚལ་དུ་བབས
ཉི་འོད་སེར་པོ
དཀར་པོར་སྤྲུལ་བའི་མེ་ཏོག་གི་དྲེག་ལ་ཆགས
ཆར་གདུགས་དང་སློག་པ
རྡོ་བའི་ཨ་འཐས་སུ་སྐྱེས་པས
མཛེས་སྡུག་ལ་འོད་ཟེར་མ་འཕྲོས
རྩོམ་ཁུངས། ངེད་དྲ་བ།