ཚོར་འདུ་གློ་བུར་མ།


སོར་གང་གི་མཚམས་ནས
བུ་མོ་ཞིག་གི་བསླུ་བྲིད་འདྲ་བའི
གཟུགས་རིས་ཤིག་འཕྱུར་ཡོང
གཟུགས་རིས་དེའི་རྩིགས་སྡེབས་ངོས་སུ
རྡོ་བའི་འཇིག་རྟེན་ཞིག་སྣང་ལ
འཇིག་རྟེན་དེའི་རྒྱབ་ལྗོངས་སུ
སློང་ཕོར་རལ་བོ་ཞིག་མངོན་ཡོང
དེ་ནི  ཉི་འོད་ཀྱི་ཞང་ཁམས་སུ་བགྲང་བའི
བགྲས་སོང་དེའི་ཞབས་རྗེས་ཡིན་ན
མི་རབས་འདིར  སུས་ཀྱང་གུ་ཡངས་གཏོང་མི་སྲིད
              
           ༼མེ་ཏོག་རྙིང་བ༽
མིག་འཕྲུལ  ཁ་དོག  མཛེས་སྣང
ཡོད་ཡོད་འདྲ་བའི
མིང་ཡིག་དེ་དག
མཆི་མ་རྐྱང་རྐྱང་གིས་བྲིས་པའི
ཐོབ་ཤོར་གྱི་མེ་ལོང་འདྲ

         ༼ཞེ་མེར་མེར༽
ཆང་ཕོར་དང་ཆང་ཕོར་གྱི་ཁྲོག་སྒྲ
སྟག་ཤར་རེ་རེ་བཞིན་མཆོངས་ཕོད་པའི་
དཔའ་གཏམ་གྱི་ཀི་རིང་འདེབས་ས
ཁུ་ཚུར་མཁྲེགས་པོ་དེ་དགོང་ལ་ཕྱར་དུས
ཁྱིམ་གཞི་དང་ཆུང་མ་མེད་མེད
བུ་ཕྲུག་དང་གཉེན་ཉེ་མེད
སེམས་གཏམ་རེ་རེ་ལག་མཐིལ་དུ་བླངས་ན
རྩྭ་ཐང་གི་སྨུག་རྒྱུ་ཁོ་ན
བཞུར་གྱིན་པའི་ཚེ་སྲོག་གི་རོལ་དབྱངས་ཤིག

            2011.6.5དགོང་མོ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོར་འདུ་གློ་བུར་མ།

2011-06-09 ཏཱ་ནི་སྨྱུ་གུ ཀློག་གྲངས། མཆན ཡོད།


སོར་གང་གི་མཚམས་ནས
བུ་མོ་ཞིག་གི་བསླུ་བྲིད་འདྲ་བའི
གཟུགས་རིས་ཤིག་འཕྱུར་ཡོང
གཟུགས་རིས་དེའི་རྩིགས་སྡེབས་ངོས་སུ
རྡོ་བའི་འཇིག་རྟེན་ཞིག་སྣང་ལ
འཇིག་རྟེན་དེའི་རྒྱབ་ལྗོངས་སུ
སློང་ཕོར་རལ་བོ་ཞིག་མངོན་ཡོང
དེ་ནི  ཉི་འོད་ཀྱི་ཞང་ཁམས་སུ་བགྲང་བའི
བགྲས་སོང་དེའི་ཞབས་རྗེས་ཡིན་ན
མི་རབས་འདིར  སུས་ཀྱང་གུ་ཡངས་གཏོང་མི་སྲིད
              
           ༼མེ་ཏོག་རྙིང་བ༽
མིག་འཕྲུལ  ཁ་དོག  མཛེས་སྣང
ཡོད་ཡོད་འདྲ་བའི
མིང་ཡིག་དེ་དག
མཆི་མ་རྐྱང་རྐྱང་གིས་བྲིས་པའི
ཐོབ་ཤོར་གྱི་མེ་ལོང་འདྲ

         ༼ཞེ་མེར་མེར༽
ཆང་ཕོར་དང་ཆང་ཕོར་གྱི་ཁྲོག་སྒྲ
སྟག་ཤར་རེ་རེ་བཞིན་མཆོངས་ཕོད་པའི་
དཔའ་གཏམ་གྱི་ཀི་རིང་འདེབས་ས
ཁུ་ཚུར་མཁྲེགས་པོ་དེ་དགོང་ལ་ཕྱར་དུས
ཁྱིམ་གཞི་དང་ཆུང་མ་མེད་མེད
བུ་ཕྲུག་དང་གཉེན་ཉེ་མེད
སེམས་གཏམ་རེ་རེ་ལག་མཐིལ་དུ་བླངས་ན
རྩྭ་ཐང་གི་སྨུག་རྒྱུ་ཁོ་ན
བཞུར་གྱིན་པའི་ཚེ་སྲོག་གི་རོལ་དབྱངས་ཤིག

            2011.6.5དགོང་མོ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།