གྲིམ་ལྷོད་རན་པའི་ཀློང་ཆེན་པོ་ཞིག་ལ་བལྟས་པ།


ཡངས་པའི་འཇིག་རྟེན་གཞོང་ཁོག་ཆེ་ཡང་དབང་བའི་ས་མིག་དོག་པོ་ཞིག།
སོང་ན་མ་རེད་བསྡད་ན་མིན་པའི་སེམས་ཀྱི་གཏིང་ན་བྲེལ་འཚུབ་ཅིག།

སྟོད་ན་མཁོ་ཡང་འཛིན་ཐབས་མེད་པའི་འཇའ་རིས་ཤིག་གི་སྣེ་མོ་ཞིག།
སྨད་ན་སྡུག་ཀྱང་སྐྱོབ་ཐབས་དཀའ་བའི་རྨོངས་པའི་ཡུལ་ན་རྩེད་ར་ཞིག།

དཔྲལ་བའི་མིག་ནས་ཕྱི་ལ་ལུད་པའི་མིག་ཆུ་དྲོན་མོའི་རྒྱུན་ཐག་ན།།
རྒུད་པར་ཕྱོགས་པའི་འུ་ཅག་ཚང་གི་གཞིས་ཀ་ཞིག་གི་མཚེར་ཤུལ་ཡོད།།

སེམས་ཀྱི་ཞེན་ཆགས་མི་ལ་གཏད་ཀྱངའཁོར་བ་མེད་པའི་ཟུར་བ་ཞིག།
དད་པ་ཡོད་ཀྱང་དད་ས་མ་རྙེད་སྣང་བའི་ཕུགས་ན་ཤུགས་ཀྱིས་ངུ་།།

ཐར་བའི་ལམ་ཁ་བདེན་པར་བསམ་ཡང་དག་པའི་ལམ་སྣེ་མ་ཟིན་པས།།
འཁོར་བའི་རྨུ་ཐག་སྡུག་ཏུ་རྟོགས་ཀྱང་སེམས་ཀྱིས་བསྐྱུར་བར་མ་ནུས་སོ།།

སེམས་ཀྱི་འདོད་པ་གསང་བའི་མ་བསྐྱུར་བཤད་པར་སྤོབས་པའི་ཚངས་དབྱངས་པ།།
དེ་རིང་བསམ་ན་ཤ་རུས་གཏིང་ནས་ཚུལ་འཆོས་མེད་པའི་དཔའ་བོར་བཀུར།།

མཛེས་པའི་རྩྭ་ཐང་སྟོང་བར་ལུས་པས་སྙིང་གི་འཕར་སྒྲ་འཇགས་ཐབས་བྲལ།།
བཤད་པར་འདོད་པའི་མི་སྐད་གསོན་པོ་རྣོ་སྨྱུག་ཕྲ་མོས་ཐང་ལ་འགྲེམ།།
                                                                   11.5.30

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲིམ་ལྷོད་རན་པའི་ཀློང་ཆེན་པོ་ཞིག་ལ་བལྟས་པ།

2011-06-09 ཀླད་གོར། ཀློག་གྲངས། མཆན ཡོད།


ཡངས་པའི་འཇིག་རྟེན་གཞོང་ཁོག་ཆེ་ཡང་དབང་བའི་ས་མིག་དོག་པོ་ཞིག།
སོང་ན་མ་རེད་བསྡད་ན་མིན་པའི་སེམས་ཀྱི་གཏིང་ན་བྲེལ་འཚུབ་ཅིག།

སྟོད་ན་མཁོ་ཡང་འཛིན་ཐབས་མེད་པའི་འཇའ་རིས་ཤིག་གི་སྣེ་མོ་ཞིག།
སྨད་ན་སྡུག་ཀྱང་སྐྱོབ་ཐབས་དཀའ་བའི་རྨོངས་པའི་ཡུལ་ན་རྩེད་ར་ཞིག།

དཔྲལ་བའི་མིག་ནས་ཕྱི་ལ་ལུད་པའི་མིག་ཆུ་དྲོན་མོའི་རྒྱུན་ཐག་ན།།
རྒུད་པར་ཕྱོགས་པའི་འུ་ཅག་ཚང་གི་གཞིས་ཀ་ཞིག་གི་མཚེར་ཤུལ་ཡོད།།

སེམས་ཀྱི་ཞེན་ཆགས་མི་ལ་གཏད་ཀྱངའཁོར་བ་མེད་པའི་ཟུར་བ་ཞིག།
དད་པ་ཡོད་ཀྱང་དད་ས་མ་རྙེད་སྣང་བའི་ཕུགས་ན་ཤུགས་ཀྱིས་ངུ་།།

ཐར་བའི་ལམ་ཁ་བདེན་པར་བསམ་ཡང་དག་པའི་ལམ་སྣེ་མ་ཟིན་པས།།
འཁོར་བའི་རྨུ་ཐག་སྡུག་ཏུ་རྟོགས་ཀྱང་སེམས་ཀྱིས་བསྐྱུར་བར་མ་ནུས་སོ།།

སེམས་ཀྱི་འདོད་པ་གསང་བའི་མ་བསྐྱུར་བཤད་པར་སྤོབས་པའི་ཚངས་དབྱངས་པ།།
དེ་རིང་བསམ་ན་ཤ་རུས་གཏིང་ནས་ཚུལ་འཆོས་མེད་པའི་དཔའ་བོར་བཀུར།།

མཛེས་པའི་རྩྭ་ཐང་སྟོང་བར་ལུས་པས་སྙིང་གི་འཕར་སྒྲ་འཇགས་ཐབས་བྲལ།།
བཤད་པར་འདོད་པའི་མི་སྐད་གསོན་པོ་རྣོ་སྨྱུག་ཕྲ་མོས་ཐང་ལ་འགྲེམ།།
                                                                   11.5.30

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།