འུ་ཚང་དང་བིས་མདོ་བ་ང་།

བིས་མདོ་བ་ཆོས་སྐྱོང་།༼ཟི་ཁྲོན༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-06

                                                     ____གཉེན་ཉེ་ཚོར་བཀའ་དྲིན་ཞིག་གི་ཚབ་ཏུ་བྲིས་པ།
ཨ་ཕས་འུ་ཚང་དབུལ་བོ་ཡིན་ཚུལ་གླེང་བཞིན་གླེང་བཞིན་མཚན་མོ་གཉིད་ཀྱང་མི་ཁུགས་ཟེར།།
ཨ་མས་འུ་ཚང་དབུལ་བོ་ཡིན་ཚུལ་བཤད་བཞིན་བཤད་བཞིན་མོ་ཡང་ཞོར་ལས་འགྲོ་རྒྱུ་ཟེར།།
ནུ་བོས་འུ་ཚང་ཕྱུག་པོར་འགྱུར་འདུག་ཟེར་བཞིན་ཟེར་བཞིན་ཁྱིམ་གྱི་ཅ་ལག་རེག་རེག་བྱས།།
ནུ་མོས་འུ་ཚང་ཕྱུག་གི་འདོད་བཞིན་འདོད་བཞིན་བརྙན་འཕྲིན་འཕྲུལ་ཆས་གློག་སྒོ་ཁ་རོག་ཕྱེས།།
ང་ཡིས་འུ་ཚང་དབུལ་བོ་ཡིན་ཚུལ་བསམ་བཞིན་བསམ་བཞིན་སྐྱོ་སྡུག་འདྲེས་མའི་སྙན་ངག་བྲིས།།

ཨ་ཕ་གཉིད་ནི་མ་ཁུགས་མ་ཁུགས་ནངས་མོ་སྔ་མོར་ལངས་ཏེ་ཁྱིམ་ལ་གཙང་དག་བྱས།།
གཙང་དག་བྱས་བཞིན་བྱས་བཞིན་བློ་ལ་མ་བབས་ཁོང་ཁྲོ་ལངས་ཏེ་སྡིགས་མོ་ཡང་ཡང་བྱས།།
སྡིགས་མོ་བྱས་བཞིན་བྱས་བཞིན་ཁྱོད་ཚོ་མ་སྨད་ཟེར་བཞིན་སྐད་མགོ་དྲག་པོ་ཆེ་རུ་ཕྱིན།།
ཁྱོད་ཚོ་མ་སྨད་ཟེར་བཞིན་སྡིགས་བཞིན་སྡིགས་བཞིན་བླུན་པོ་བླུན་རྒན་ཚིག་གི་མགོ་རྔ་སྦྱར།།
འདི་ལྟར་ཤ་ཚ་དྲགས་པས་ཕན་ཚུན་སྡིགས་བཞིན་སྡིགས་བཞིན་ཉིན་མོ་ཞིག་གི་ནངས་མོ་བཞུད།།

ཨ་མས་དེ་དག་མཐོང་ཞིང་གོ་བས་ཡིད་ལ་མ་བདེ་ཁ་ནས་སུན་གི་སུན་གི་ཟེར།།
སུན་གི་སུན་གི་ཟེར་བཞིན་ཟེར་བཞིན་ཁྱིམ་ནང་ཕྱགས་བཞིན་ཁ་རྩོད་ཅིག་གི་མགོ་ནི་བསླང་།།
ཁ་རྩོད་བྱས་བཞིན་བྱས་བཞིན་འདས་སོང་མང་བོ་བསྐྱར་སློག་བྱས་པས་ངུ་བའི་ངག་ནི་བྱུང་།།
ངུ་ངག་འདྲེས་མའི་ཚིག་ཅིག་སྨྲས་བཞིན་སྨྲས་བཞིན་ཡར་སྒྱིད་ཙོག་པའི་ཨ་ཕར་ཇ་ཞིག་བླུགས།།
འདི་ལྟར་རྩོད་པ་འཇགས་ཤིང་རིམ་གྱིས་བརྩེ་བ་འཁྱིལ་བས་བཟའ་མི་གང་བོས་ནངས་ཇར་རོལ།།

ནུ་མོ་ལོ་ན་ཆུང་ཞིང་ཨ་ཕའི་འདང་ཅན་ཡིན་ཡང་གློ་བུར་ཁ་རྩོད་ལངས་པའི་སྐབས།།
སྐྲག་མ་མདངས་ཀྱིས་ངོ་ཡང་ཤོར་ཏེ་ཅི་ཞིག་བྱ་དགོས་མ་ཤེས་ཁྱིམ་ནང་བྱི་དོར་བྱས།།
ཆུང་ཆུང་སྙིང་རྗེ་རང་མགོ་ཅི་འཁྱོང་ལོ་ནི་བཅུ་གཉིས་ཡིན་པས་སྐྲག་པ་ཁོ་ཐག་ཡིན།།
ཁོ་མོ་སློབ་ལ་བཟང་ཞིང་རིག་པ་རྣོ་བས་སྐབས་རེར་ཕུ་བོ་ང་ཡང་ངོ་ཚ་གཏོད།།
ཅི་ལྟར་བཤད་ཀྱང་ནུ་མོ་མ་རབས་འུ་ཅག་ཚང་གི་གཅེས་ཕྲུག་འདང་ཅན་ཁོ་ན་ཡིན།།

ནུ་བོ་རྒྱུན་དུ་དགོན་པར་གནས་ཤིང་གྲྭ་བ་ཡིན་པས་རྒྱུན་པར་ཡུལ་ལ་ལོག་གི་མེད།།
སྐབས་རེར་རྒྱ་ལོ་སྨོན་ལམ་དབྱར་སོགས་གྲོལ་ཏེ་ཡུལ་ལ་ལོག་པར་སྟབས་ཤིག་མ་ལེགས་པར།།
ཁ་རྩོད་དྲག་པོ་ཡང་བསྐྱར་ལངས་ཤིང་བླུན་རྒན་བླུན་པོའི་ཆུ་འཁྱག་ཡང་བསྐྱར་བྱོ་བས་ན།།
ནུ་བོ་ཡིད་སེམས་སྡུག་བཞིན་སུན་སྣང་སྐྱེས་ཏེ་འུ་ཚང་ཨ་ཕ་གན་ནི་ཟེར་བཞིན་དུ།།
རེམ་པར་ཕྱི་ལ་ལོག་ན་འདོད་དེ་དངོས་པོར་བསྡུས་ཏེ་འཕྲུལ་རྟར་ཞོན་ནས་བྱ་བཞིན་འཕུར།།

ཆོས་སྐྱོང་ང་རང་མི་ཁའི་ཁྲོད་ནས་འཚར་ལོངས་བྱུང་ཞིང་ཁ་རྩོད་སྡིགས་མོ་གོམས་ཀྱང་ཡོད།།
རང་གཤིས་གྱོང་བས་ཕ་མ་གཉིས་ཀར་ཐེངས་གཅིག་ཙམ་ལ་ཁ་རྩོད་ཕོག་ཐུག་བྱས་པ་མིན།།
སྨྲ་བ་ཉུང་བས་སེམས་འགྱུ་མ་རྟོགས་རྒྱུན་དུ་ཕ་མ་གཉིས་ཀས་སེམས་ཁུར་ཡང་ཡང་བྱས།།
ཕམ་ཁའི་ཀློང་ནས་རྒྱལ་ཁ་འཚོལ་ཆེད་སྙན་ངག་འབྲི་བཞིན་མེ་འཁོར་བསྡད་དེ་ཁྲིན་ཏུའུ་འོངས།།
ཁྲིན་ཏུའུ་འོངས་ཏེ་སློབ་ལ་འབད་བཞིན་གོ་རྟོགས་སེལ་ཞིང་བིས་མདོ་བ་ཡི་མིང་ཡང་འཁུར།།

ཨ་ཕར་གཉིད་ནི་མི་ཁུགས་ཁག་ཅིག་མེད་ལ་ཨ་མར་ངུ་ངག་ཤོར་བ་ཁག་ཀྱང་མེད།།
འུ་ཚང་དབུལ་བོ་ཡིན་ནོ་བདེན་པ་ཡིན་ལ་ཁྱེད་གཉིས་མ་གཏོགས་བསྟེན་ས་ཁེན་ས་མེད།།
ཨ་ཕ་ལྷ་བཟོ་ཚོན་པས་དུས་ཚིགས་བཞི་བོར་ཕྱི་ཡུལ་འགྲིམས་ཏེ་བཙལ་བའི་དངུལ་སྒོར་དང་།།
ཨ་མས་གཉེར་བའི་ས་ཞིང་མུའུ་ལྔ་དེ་ལས་འུ་ཚང་རེ་ས་མེད་པ་ངོ་མ་ཡིན།།
གང་ལ་ལྟར་ཀྱང་ཁྱེད་ཚོ་ང་ཡི་སྐྱབས་མགོན་ཡིན་ལ་ང་ནི་ཁྱེད་ཚོའི་གཤིན་ས་ཡིན།།

འུ་ཚང་དབུལ་བོ་ཡིན་ནོ་བདེན་པ་ཡིན་ཞིང་ཆ་རྐྱེན་ཞན་ནོ་སུ་ལ་གསང་ས་མེད།།
དབུལ་བོ་ཡིན་ནོ་སུས་ཀྱང་ལན་པ་མ་ཡིན་ང་དང་མིང་སྲིང་ཚོ་ནི་ལན་པ་ཡིན།།
ཕྱུག་པོར་བསྡུར་ན་དབུལ་བོ་ཅུང་ཙམ་སྡུག་ཀྱང་སྡུག་གི་གསེང་ན་སྐྱིད་ཆས་ཙམ་ཡང་འདུག།
འུ་ཚང་ལ་ཡང་ཁྱེད་ཚོ་ཡོད་པས་ང་ཡི་སེམས་ན་འུ་ཚང་ཕྱུག་པོ་ངོ་མ་ཡིན།།
ང་ལ་མཚོན་ན་ཁྱེད་ཚོ་ཡོད་པས་ང་ལ་འདི་ལས་གཞན་ནི་རྒྱུ་ནོར་ཅི་ཞིག་དགོས།།

འདི་ལྟར་འུ་ཚང་བྲིས་ཤིང་དོན་དངོས་དམར་རྗེན་ཕྱི་རུ་བཏོན་པར་ངོ་ཚར་སྣང་ཡང་མོད།།
འདི་ལྟར་འུ་ཚང་ཀུན་ལ་བརྗོད་དེ་རང་མཚང་རང་གིས་བྲུས་པ་ཙམ་དུ་སྣང་ཡང་མོད།།
ཅི་ལྟར་བཤད་ཀྱང་ང་ཡིས་འུ་ཚང་དྲན་ནི་དྲགས་པས་ས་མཐའི་གྲོང་ཁྱེར་ཁྲིན་ཏུའུ་ནས།།
ཤོག་ལ་བཀོད་ཀྱང་ང་ལ་བྱམས་པའི་ཁྱེད་ཚོར་བཀའ་དྲིན་ཞིག་གི་ཚབ་ཏུ་བྲིས་པ་དང་།།
ང་དང་ཤ་ཁྲག་འབྲེལ་བའི་གཉེན་ཉེ་ཚོ་ལ་ནད་མེད་ཚེ་རིང་ལོ་བརྒྱ་ཡོང་བར་ཤོག།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འུ་ཚང་དང་བིས་མདོ་བ་ང་།

2011-06-06 བིས་མདོ་བ་ཆོས་སྐྱོང་།༼ཟི་ཁྲོན༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།