ང་ལ་སྙན་ངག་ལྟ་བུའི་བུ་མོ་ཞིག་ཡོད།

                ___ཡང་ན་འཇིགས་བྱེད་མཚོ་ཟེར་བའི་བུ་མོ་ཞིག་ལ།

 སྐྲ་ལོ་ཞིག་མདང་ནུབ་རྨི་ལམ་དུ་ཤར་འོངས
བརྩེ་དུངས་ནི་སྐད་ཆ་ཤག་ཤག་ཅིག་རེད
གློག་སྒྲོན་གྱི་འོད་ཟེར་ལས་ཅི་ཞིག་མཐོང་སོང་བ་བཞིན
དོ་ནུབ་ང་ལ་སྔར་བཞིན་བྲིས་མི་ཚར་བའི་ཡི་གེ་མང་པོ་འདུག
སེམས་ལ་སྤྲོ་བའི་སྒྱུ་འཕྲུལ་ཞིག
བདག་གི་རྨི་ལམ་ནས་གྱང་གོག་ལ་འབྱར་བྱུང་བས
དོ་ནུབ་ལྟ་བུའི་མཚན་མོ་ནི
གློག་ཀླད་ཀྱི་ཅོག་སྒྲོམ་ངོས་ནས་འོད་ཟེར་བཞིན་མཆེད་འོངས

སྐད་ཆ་མང་པོ་ཞིག་གི་འཕག་འཚག་གི་ཁྲོད་ནས
མཚན་མོའི་ལྷིང་འཇགས་ཀྱི་བྱང་ཐང་ཡང
ཁྱོད་དང་འབྲེལ་བ་དམ་པོ་ཡོད་པས་ན
ཁྱོད་ནི་བདག་གི་རྨི་ལམ་དུ་མང་བའི་མེ་ཏོག་ཟེར་མདངས་ཅན་ཞིག
བདག་གི་འབྱུང་འགྱུར་རྡེག་པའི་གསེར་ཆེན་གྱི་མེ་ཏོག
ཁྱོད་ནི་བདག་གི་བསམ་གཞིགས་ཀྱི་ལག་མཐིལ་དུ་ལྷུང་ནས
རྣམ་དཔྱོད་ཀྱི་ངོས་སུ་བབས་པ་དེའང
གས་ཆག་ཁུར་བའི་རྫ་བུམ་དེ་དང་གཏན་ནས་མི་འདྲ

ལག་པ་མང་པོས་བརྩིགས་པའི་བང་རིམ་ཞིག
ཁྱོད་ཀྱི་སེམས་ནང་གི་མིག་འབྲས་འོད་ལམ་ལམ་དེ་དང་འདྲ་བས
གལ་ཏེ་གླུ་དབྱངས་ཤིག་གི་མཇུག་ནས་གྲོལ་བའི་ཚོར་བ་དེ
ཁྱོད་ཀྱིས་གང་འདོད་དུ་བླངས་ཆོག་པའི་དབང་ཏུ་བཏང་ན
རྒས་གཉེར་མེད་པའི་ཁང་བརྩེགས་འདི
དུས་ཚིགས་ཤིག་གི་བློ་ནང་ལ་ལྷུང་བའི་སེམས་ཀྱི་གྲོང་ཁྱེར་དེ་ཡིན་ངེས

སྤྱིར་ན་ལོ་ཟླ་ནི་སུས་ཀྱང་མཐོང་མྱོང་ཟེར
བརྩེ་དུངས་ཀྱི་ལོ་ཟླ་ནི་ཕོར་བའི་ཁ་སྟོད་དུ་འཚང་བའི་རྡུལ་སྨུག་ཅིག་མིན་ཟེར་དུས
འགུལ་མི་ཤེས་པའི་ཚོར་བའི་ཀློང་གི་བསམ་གཞིག་འདིས
མཚན་མོ་ཞིག་ལ་རང་གི་སྐབས་སུ་མ་བབས་པ་ཞིག་གླེང་བྱུང་བས
ཅི་ཞིག་འབབ་ཀྱིན་པའི་གྲང་འདར་ཞིག  ཞེ་ནས་ཚ་ཚག་བཞིན་སྨིན་བྱུང་བས
ང་ལ་སྙན་ངག་ལྟ་བུའི་བུ་མོ་ཞིག་ཡོད

                ༢༠༡༡ལོའི་ཟླ༥བའི་ཚེས༢༦ཉིན་གྱི་མཚན་མོར།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ལ་སྙན་ངག་ལྟ་བུའི་བུ་མོ་ཞིག་ཡོད།

2011-06-06 ཞོགས་གཞོན། ཀློག་གྲངས། མཆན ཡོད།

                ___ཡང་ན་འཇིགས་བྱེད་མཚོ་ཟེར་བའི་བུ་མོ་ཞིག་ལ།

 སྐྲ་ལོ་ཞིག་མདང་ནུབ་རྨི་ལམ་དུ་ཤར་འོངས
བརྩེ་དུངས་ནི་སྐད་ཆ་ཤག་ཤག་ཅིག་རེད
གློག་སྒྲོན་གྱི་འོད་ཟེར་ལས་ཅི་ཞིག་མཐོང་སོང་བ་བཞིན
དོ་ནུབ་ང་ལ་སྔར་བཞིན་བྲིས་མི་ཚར་བའི་ཡི་གེ་མང་པོ་འདུག
སེམས་ལ་སྤྲོ་བའི་སྒྱུ་འཕྲུལ་ཞིག
བདག་གི་རྨི་ལམ་ནས་གྱང་གོག་ལ་འབྱར་བྱུང་བས
དོ་ནུབ་ལྟ་བུའི་མཚན་མོ་ནི
གློག་ཀླད་ཀྱི་ཅོག་སྒྲོམ་ངོས་ནས་འོད་ཟེར་བཞིན་མཆེད་འོངས

སྐད་ཆ་མང་པོ་ཞིག་གི་འཕག་འཚག་གི་ཁྲོད་ནས
མཚན་མོའི་ལྷིང་འཇགས་ཀྱི་བྱང་ཐང་ཡང
ཁྱོད་དང་འབྲེལ་བ་དམ་པོ་ཡོད་པས་ན
ཁྱོད་ནི་བདག་གི་རྨི་ལམ་དུ་མང་བའི་མེ་ཏོག་ཟེར་མདངས་ཅན་ཞིག
བདག་གི་འབྱུང་འགྱུར་རྡེག་པའི་གསེར་ཆེན་གྱི་མེ་ཏོག
ཁྱོད་ནི་བདག་གི་བསམ་གཞིགས་ཀྱི་ལག་མཐིལ་དུ་ལྷུང་ནས
རྣམ་དཔྱོད་ཀྱི་ངོས་སུ་བབས་པ་དེའང
གས་ཆག་ཁུར་བའི་རྫ་བུམ་དེ་དང་གཏན་ནས་མི་འདྲ

ལག་པ་མང་པོས་བརྩིགས་པའི་བང་རིམ་ཞིག
ཁྱོད་ཀྱི་སེམས་ནང་གི་མིག་འབྲས་འོད་ལམ་ལམ་དེ་དང་འདྲ་བས
གལ་ཏེ་གླུ་དབྱངས་ཤིག་གི་མཇུག་ནས་གྲོལ་བའི་ཚོར་བ་དེ
ཁྱོད་ཀྱིས་གང་འདོད་དུ་བླངས་ཆོག་པའི་དབང་ཏུ་བཏང་ན
རྒས་གཉེར་མེད་པའི་ཁང་བརྩེགས་འདི
དུས་ཚིགས་ཤིག་གི་བློ་ནང་ལ་ལྷུང་བའི་སེམས་ཀྱི་གྲོང་ཁྱེར་དེ་ཡིན་ངེས

སྤྱིར་ན་ལོ་ཟླ་ནི་སུས་ཀྱང་མཐོང་མྱོང་ཟེར
བརྩེ་དུངས་ཀྱི་ལོ་ཟླ་ནི་ཕོར་བའི་ཁ་སྟོད་དུ་འཚང་བའི་རྡུལ་སྨུག་ཅིག་མིན་ཟེར་དུས
འགུལ་མི་ཤེས་པའི་ཚོར་བའི་ཀློང་གི་བསམ་གཞིག་འདིས
མཚན་མོ་ཞིག་ལ་རང་གི་སྐབས་སུ་མ་བབས་པ་ཞིག་གླེང་བྱུང་བས
ཅི་ཞིག་འབབ་ཀྱིན་པའི་གྲང་འདར་ཞིག  ཞེ་ནས་ཚ་ཚག་བཞིན་སྨིན་བྱུང་བས
ང་ལ་སྙན་ངག་ལྟ་བུའི་བུ་མོ་ཞིག་ཡོད

                ༢༠༡༡ལོའི་ཟླ༥བའི་ཚེས༢༦ཉིན་གྱི་མཚན་མོར།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།