ཀ་ཕྲེང་རང་རྡོལ་སྙིང་གཏམ།

མྱང་དོན་གྲུབ་ཕུན་ཚོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-06


ཀ་ཡེ་གསོན་དང་འཛམ་གླིང་ཡང་རྩེའི་གནས།
ཁ་བ་ཅན་གྱི་གདོང་དམར་རྒྱུད་པ་རྣམས།
ག་ལེར་གསོམ་དང་བདག་ཅག་ཐོན་མི་ནི།
ང་ཙམ་མ་ཟད་ཚང་མར་ཤིན་དུ་དྲིན།
ཅ་ཅོའི་གཏམ་གྱི་རྗེས་སུ་འགྲོག་གྱུར་ན།
ཆ་ཤས་ཚང་བའི་རང་རིགས་རིག་གཞུང་ཤོར།
ཇ་ཡང་མི་ཐོབ་ཆང་གི་དྲི་ཡང་ཡལ།
ཉ་མོ་ཆུ་དང་བྲལ་ཞིང་སྲོག་ལ་ཉེན།
ཏ་རེ་སྒྲོལ་མའི་གནས་ལྔ་མི་ལྡན་ཀྱང་།
ཐ་ཆད་ཧ་རིའི་རྩུབ་སྤྱོད་རབ་དོར་ནས།
ད་ཡོད་བོད་ཀྱི་རྩ་ཆེའི་རིག་གཞུང་ལ།
ན་ཆུང་རིག་པ་རྩེ་གཅིག་འབུངས་ན་བཟང་།
ཙ་རིའི་གནས་སྐོར་བྱས་ནས་ཐོས་པ་རྩོལ།
ཚ་གྲང་ཁྱད་བསད་ཤེས་བྱའི་གནས་སྤྱིར་བརྩོན།
ཛ་གྲགས་དེང་གི་ཤེས་རིག་འགྲན་རྩོད་ནང་།
ཝ་ལེར་རང་རིགས་སྐད་ལ་ལྷག་པར་འབད།
ཞ་ར་གཡང་དུ་ལག་ཡུལ་བརྒྱབ་པ་བཞིན།
ཟ་ཟིར་ཆང་རག་ཁོ་ནར་ཞེན་དྲག་ན།
འ་ཅག་བོད་ཀྱི་འཛུགས་བསྐྲུན་ཕར་བཞག་སྟེ།
ཡ་རབས་སྲོལ་བཟང་ཕ་མེས་རིག་གཞུང་བརླག།
ར་གན་གསེར་བརྫུས་ཕུགས་བསམ་མི་བསྟན་པས།
ལ་ལུང་གང་དུ་གནས་པའི་གྲོགས་པོ་དང་།
ཤ་རུས་གཅིག་པའི་ཕ་མ་སྤུན་མཆེད་ཚོ།
ས་ཕྱོགས་གང་དུ་རང་ཉིད་རིག་པ་བསྒྲིམས།
ཧ་ཧ་གད་མོའི་ལམ་དུ་མ་སོང་བར།
ཨ་སྔོན་གནམ་དུ་འཕུར་བསམ་གཤོག་རྩལ་གཏོད།
ཧ་ཤང་འདུད་མོའི་གཡོ་སྒྱུའི་རིགས་ཐ་དག།
ཨ་རྩི་བདག་གི་མི་ཤེས་ཡིད་ཆེས་གནང་།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀ་ཕྲེང་རང་རྡོལ་སྙིང་གཏམ།

2011-06-06 མྱང་དོན་གྲུབ་ཕུན་ཚོགས། ཀློག་གྲངས། མཆན ཡོད།


ཀ་ཡེ་གསོན་དང་འཛམ་གླིང་ཡང་རྩེའི་གནས།
ཁ་བ་ཅན་གྱི་གདོང་དམར་རྒྱུད་པ་རྣམས།
ག་ལེར་གསོམ་དང་བདག་ཅག་ཐོན་མི་ནི།
ང་ཙམ་མ་ཟད་ཚང་མར་ཤིན་དུ་དྲིན།
ཅ་ཅོའི་གཏམ་གྱི་རྗེས་སུ་འགྲོག་གྱུར་ན།
ཆ་ཤས་ཚང་བའི་རང་རིགས་རིག་གཞུང་ཤོར།
ཇ་ཡང་མི་ཐོབ་ཆང་གི་དྲི་ཡང་ཡལ།
ཉ་མོ་ཆུ་དང་བྲལ་ཞིང་སྲོག་ལ་ཉེན།
ཏ་རེ་སྒྲོལ་མའི་གནས་ལྔ་མི་ལྡན་ཀྱང་།
ཐ་ཆད་ཧ་རིའི་རྩུབ་སྤྱོད་རབ་དོར་ནས།
ད་ཡོད་བོད་ཀྱི་རྩ་ཆེའི་རིག་གཞུང་ལ།
ན་ཆུང་རིག་པ་རྩེ་གཅིག་འབུངས་ན་བཟང་།
ཙ་རིའི་གནས་སྐོར་བྱས་ནས་ཐོས་པ་རྩོལ།
ཚ་གྲང་ཁྱད་བསད་ཤེས་བྱའི་གནས་སྤྱིར་བརྩོན།
ཛ་གྲགས་དེང་གི་ཤེས་རིག་འགྲན་རྩོད་ནང་།
ཝ་ལེར་རང་རིགས་སྐད་ལ་ལྷག་པར་འབད།
ཞ་ར་གཡང་དུ་ལག་ཡུལ་བརྒྱབ་པ་བཞིན།
ཟ་ཟིར་ཆང་རག་ཁོ་ནར་ཞེན་དྲག་ན།
འ་ཅག་བོད་ཀྱི་འཛུགས་བསྐྲུན་ཕར་བཞག་སྟེ།
ཡ་རབས་སྲོལ་བཟང་ཕ་མེས་རིག་གཞུང་བརླག།
ར་གན་གསེར་བརྫུས་ཕུགས་བསམ་མི་བསྟན་པས།
ལ་ལུང་གང་དུ་གནས་པའི་གྲོགས་པོ་དང་།
ཤ་རུས་གཅིག་པའི་ཕ་མ་སྤུན་མཆེད་ཚོ།
ས་ཕྱོགས་གང་དུ་རང་ཉིད་རིག་པ་བསྒྲིམས།
ཧ་ཧ་གད་མོའི་ལམ་དུ་མ་སོང་བར།
ཨ་སྔོན་གནམ་དུ་འཕུར་བསམ་གཤོག་རྩལ་གཏོད།
ཧ་ཤང་འདུད་མོའི་གཡོ་སྒྱུའི་རིགས་ཐ་དག།
ཨ་རྩི་བདག་གི་མི་ཤེས་ཡིད་ཆེས་གནང་།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།