ད་ལོར། ངས་ཁྱེད་ལ་སྒུག་པ་ནི།
ད་ལོར ངས་ཁྱོད་ལ་སྒུག་པ་ནི
ལྕགས་ཐུར་ཞིག་མེ་ལ་ངར་ཏེ
སྙིང་ལ་བསྣུན་པ་དང་ཀུན་ནས་མཚུངས
ད་ལོར ངས་ཁྱོད་ལ་སྒུག་པ་ནི
མེ་མདའ་ཞིག་ལག་ལ་བཟུང་སྟེ
དགྲ་ཤ་ལེན་པ་དང་ཀུན་ནས་མཚུངས
ད་ལོར ངས་ཁྱོད་ལ་སྒུག་པ་ནི
ལྕེབས་ཐག་ཅིག་སྐེ་ལ་བསྐོན་ཏེ
གསོན་ཤི་རྒྱག་པ་དང་ཀུན་ནས་མཚུངས
རྩོམ་ཁུངས། ངེད་དྲ་བ།