མུན་པ་གཅེར་རྗེན་དུ་ཕུད་པ།
འཁྱག་རིམ་དུ་ལུས་པའི་འོད་གོང
བདེ་བའི་མཛེས་སྡུག་འཚོལ་བའི
ཆེས་མཇུག་མཐའི རླུང་བུ་དེ་ཡིན་ན
ས་སྲོད་དུ་བཙན་འཛུལ་བྱེད་པའི མུན་པའི་ཕྱི་ངོས་སུ
སྒོར་དབྱིབས་སུ་སྨིན་པའི རྡུལ་གྱི་ཁ་དོག་དེ
ཟུར་གསུམ་ནས་འཇོང་དབྱིབས
ད་དུང་རིགས་མི་མཚུངས་པའི
རྣམ་པ་རེ་རེར་འགྱུར་དུས
ཆུ་ཁར་བཞེད་པའི སྙིང་ཉེ་བའི་མེ་ཏོག
བདག་གིས་བོར་ཟིན་པའི ཐོག་མའི་བླ་སྲོག་ཡིན་པས
རབ་རིབ་ཏུ་འཚེར་བའི་རྒྱུ་སྐར་ལ
གློ་དང་མཆིན་པའི་སྙིང་གཏམ་བརྗོད་དགོས
2011.5.30
རྩོམ་ཁུངས། ངེད་དྲ་བ།