དྲུག་གཅིག་ལ་ཕུལ་བའི་སྙན་ངག་ཅིག

རླུང་བུ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-02


བདག་གིས་ཆུང་དུས་སུ་ཤོག་བྱ་སྤུར་མ་མྱོང
ཡིན་ནའང་བེའུ་བདའ་མྱོང
བདག་གིས་ཆུང་དུས་སུ་རྔ་སྦུབ་དཀྲོལ་མ་མྱོང
ཡིན་ནའང་གླིང་བུ་འབུད་མྱོང
བདག་དེ་རིང2011གི་པང་ན་ཡོད
རྒྱལ་སྤྱིའི་དྲུག་གཅིག་གི་པང་ན་ཡོད
དེ་རིང་ས་ཆ་སོ་སོའི་བྱིས་པ་ཚོ
རང་རང་ས་ན་རྩེད་འཇོ་ལ་འཐིམ་བཞིན་ཡོད་ངེས
དུས་རྒྱུན་རྩེད་འཇོ་ལ་མི་དགའ་བའི་བྱིས་པ་ཚོ་འང
གཞན་བརྩེ་བའི་ཚུགས་ཀ་ལ་བལྟོས་དེ་དགོད་གྱིན་ཡོད་ངེས
བདག་ཡང་ཁྱེད་ཚོ་དང་འདྲ་བར་གཞན་གྱི་རྩེད་འཇོ་ལ་མགོ་འཁོར་བ་ཞིག་ཡིན

 དེ་རིང་ཚོན་མདོག་སྣ་ཚོགས་ཀྱིས་ཕ་མ་བསྒུལ་བྱུང
དགེ་རྒན་བསྒུལ་བྱུང
ཚོན་མདོག་སྣ་ཚོགས་ཀྱི་ཤོག་བྱང་གིས་མཁའ་དབྱིངས་བཀང་བྱུུང
ཚོན་མདོག་སྣ་ཚོགས་ཀྱིས་བྱིས་པ་ཚོ་ཁྲིད་དེ་ནམ་མཁར་འཕུར་བྱུང

བྱིས་པ་ཚོ
དེ་རིང་ཁྱེད་ཀྱི་ཉིན་མོ་ཡིན
ལོ་གཅིག་ལ་ཡོད་པའི་དྲུག་གཅིག་ཡིན
ཁྱེད་ཀྱི་ན་ཚོད་ཀྱིས་བསླངས་པའི་དུས་ཆེན་ཡིན

ལོ་མ་ལྗང་ཁུ་འདྲ་བའི་དུས་ཆེན
ཟླ་བཞི་བའི་རྗེས་ཀྱི་དྲུག་གཅིག
དབྱར་གཞུང་ཞིག་གི་སྔོན་ལ་ཡོད་པའི་དྲུག་གཅིག
གནམ་ས་གཉིས་ཀྱི་གཞི་ལ་བབས་པའི་དྲུག་གཅིག

སུ་ཞིག་གིས་ཁ་ཕྱིར་འཁོར་ཏེ་དྲུག་གཅིག་ལ་ལྟ་བཞིན་ཡོད
སྔོན་ལ་ཤོག
ཕ་མའི་སེམས་ཀྱི་བུ་དང་བུ་མོ  

                               2011-6-1

 




 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲུག་གཅིག་ལ་ཕུལ་བའི་སྙན་ངག་ཅིག

2011-06-02 རླུང་བུ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།


བདག་གིས་ཆུང་དུས་སུ་ཤོག་བྱ་སྤུར་མ་མྱོང
ཡིན་ནའང་བེའུ་བདའ་མྱོང
བདག་གིས་ཆུང་དུས་སུ་རྔ་སྦུབ་དཀྲོལ་མ་མྱོང
ཡིན་ནའང་གླིང་བུ་འབུད་མྱོང
བདག་དེ་རིང2011གི་པང་ན་ཡོད
རྒྱལ་སྤྱིའི་དྲུག་གཅིག་གི་པང་ན་ཡོད
དེ་རིང་ས་ཆ་སོ་སོའི་བྱིས་པ་ཚོ
རང་རང་ས་ན་རྩེད་འཇོ་ལ་འཐིམ་བཞིན་ཡོད་ངེས
དུས་རྒྱུན་རྩེད་འཇོ་ལ་མི་དགའ་བའི་བྱིས་པ་ཚོ་འང
གཞན་བརྩེ་བའི་ཚུགས་ཀ་ལ་བལྟོས་དེ་དགོད་གྱིན་ཡོད་ངེས
བདག་ཡང་ཁྱེད་ཚོ་དང་འདྲ་བར་གཞན་གྱི་རྩེད་འཇོ་ལ་མགོ་འཁོར་བ་ཞིག་ཡིན

 དེ་རིང་ཚོན་མདོག་སྣ་ཚོགས་ཀྱིས་ཕ་མ་བསྒུལ་བྱུང
དགེ་རྒན་བསྒུལ་བྱུང
ཚོན་མདོག་སྣ་ཚོགས་ཀྱི་ཤོག་བྱང་གིས་མཁའ་དབྱིངས་བཀང་བྱུུང
ཚོན་མདོག་སྣ་ཚོགས་ཀྱིས་བྱིས་པ་ཚོ་ཁྲིད་དེ་ནམ་མཁར་འཕུར་བྱུང

བྱིས་པ་ཚོ
དེ་རིང་ཁྱེད་ཀྱི་ཉིན་མོ་ཡིན
ལོ་གཅིག་ལ་ཡོད་པའི་དྲུག་གཅིག་ཡིན
ཁྱེད་ཀྱི་ན་ཚོད་ཀྱིས་བསླངས་པའི་དུས་ཆེན་ཡིན

ལོ་མ་ལྗང་ཁུ་འདྲ་བའི་དུས་ཆེན
ཟླ་བཞི་བའི་རྗེས་ཀྱི་དྲུག་གཅིག
དབྱར་གཞུང་ཞིག་གི་སྔོན་ལ་ཡོད་པའི་དྲུག་གཅིག
གནམ་ས་གཉིས་ཀྱི་གཞི་ལ་བབས་པའི་དྲུག་གཅིག

སུ་ཞིག་གིས་ཁ་ཕྱིར་འཁོར་ཏེ་དྲུག་གཅིག་ལ་ལྟ་བཞིན་ཡོད
སྔོན་ལ་ཤོག
ཕ་མའི་སེམས་ཀྱི་བུ་དང་བུ་མོ  

                               2011-6-1

 




 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།