སེམས་ཀྱི་མི་ལ་ཕུལ་བའི་སྙན་ངག


ལུང་རིགས་ཐལ་འགྱུར་གྱི་རྟགས་གསལ་མ་གཏོང་།།
སྙིང་བོ་ཡོད་མེད་ལ་རྩོད་པ་མི་བྱེད།།
རིང་གི་མིག་ལམ་གྱི་དངོས་པོའི་རིན་ཐང་།།
རང་སེམས་ཁོ་ན་འདིའི་ཐག་གིས་བཅད་འགྲོ།།

ཁ་ངོ་ཡག་བཙོག་ལ་འབྲེལ་བ་མེད་ཀི།
ཡིད་གཞུང་དྲངས་བ་དང་གཤིས་ཀ་འཇམ་ནས།།
སེམས་ཀྱི་དུངས་པ་འདི་ཁྱོད་ལ་ཤོར་ན།།
སྙིང་གཅེས་ལོག་ལོག་ཏེ་ཁྱོད་རང་ཡིན་ནོ།།

སོ་སྐྱེས་འུ་ཅག་གིས་འཁྲབ་པའི་གློག་བརྙན།།
སྐྱེས་བུ་དམ་པ་རྣམས་ངུ་ཁ་འཆོར་ཡང་།།
རང་གི་ནུས་ཚོད་པོ་འདི་ཙམ་ཡིན་པས།།
གནོང་འགྱོད་མཆི་མ་ཞིག་རང་ལ་མི་འདུག།

དགའ་བ་དུངས་པ་འདི་སྐད་ཅིག་འགྱུར་ན།།
འཇིག་རྟེན་འཁོར་བ་འདི་ནམ་ཞིག་སྟོང་ལ།།
འགྱུར་མེད་བརྩེ་བ་ཞིག་ཡོད་པའི་རྐྱེན་གྱིས།།
འཁོར་བ་མ་སྟོང་བར་ཡོད་པ་འདི་རེད།།

དམ་པའི་ལྷ་ཆོས་ཀྱི་ལོ་རྒྱུས་རིང་བ།།
འཇིག་རྟེན་མི་ཡུལ་གྱི་མི་ལ་ཐུག་ཡོད།།
ད་དུང་དོན་སྙིང་གི་རིན་ཐང་ཡོད་པ།།
འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་རག་ལས།།

དེ་བས་སྙིང་གྲོགས་ཀྱི་མི་མོ་ཁྱོད་དང་།།
འདས་བའི་ལོ་ཟླ་ལ་སྙིང་གཏམ་བཤད་པ།།
སེམས་ཀྱི་ངལ་བ་ཙམ་གསོ་བའི་ཆེད་མིན།།
མཐའ་མར་འབྲས་བུ་ཞིག་ཡོད་པར་སོམས་དང་།།

ཉི་མ་ནུབ་བཞུད་ཀྱི་ས་སྲོད་རེ་ལ།།
ཡིད་ཀྱི་དྲན་པ་འདི་ཕྱིར་ལ་བཀུགས་ན།།
ལྷད་མེད་བརྩེ་བ་ཡི་སྙིང་གཏམ་བཤད་སའི།།
ཕ་ཡུལ་འབྲོག་ལྗོངས་ཀྱི་རྩྭ་ཐང་དྲན་ཡོང་།།

གཤིས་ཀ་གཡང་དཀར་ཀྱི་བལ་ལས་འཇམ་ལ།།
སེམས་པ་དངུལ་དཀར་གྱི་མདོག་དང་འདྲ་བས།།
ཚིག་གཅིག་ཚིག་གཉིས་ཀྱི་སྙིང་གཏམ་གླེང་བ།།
ཁ་དང་ཁོག་པ་གཉིས་སོ་སོར་མི་འགལ།།

བྲལ་དུས་སྐྱོ་གདུང་གི་མིག་ཆུ་མ་གཏོང་།།
རང་ལུས་བདེ་ཐང་ལ་གནོད་པ་ཆེའོ།།
འཛོམས་དུས་མི་བྲལ་ཞེས་མནའ་ཚིག་མ་བོར།།
སྔོན་བསགས་ལས་དབང་གི་བཀའ་འདི་བཙན་ནོ།།

མི་ཆེན་དགོན་ཆེན་རྣམས་དཔང་བར་བཞག་ནས།།
ཆེན་པོ་མནའ་རྒན་ཞིག་བསྐྱལ་དོན་མི་འདུག།
འགྱུར་མེད་བརྩེ་བ་ཞིག་ཡོད་པ་བདེན་ན།།
མི་ཚེ་འགྲུལ་བཞུད་ཀྱི་ལམ་ནས་བལྟས་ཆོག།
                                      ༢༠༠༩  ༧  ༩ ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་མི་ལ་ཕུལ་བའི་སྙན་ངག

2011-06-01 མགར་ཚང་། ཀློག་གྲངས། མཆན ཡོད།


ལུང་རིགས་ཐལ་འགྱུར་གྱི་རྟགས་གསལ་མ་གཏོང་།།
སྙིང་བོ་ཡོད་མེད་ལ་རྩོད་པ་མི་བྱེད།།
རིང་གི་མིག་ལམ་གྱི་དངོས་པོའི་རིན་ཐང་།།
རང་སེམས་ཁོ་ན་འདིའི་ཐག་གིས་བཅད་འགྲོ།།

ཁ་ངོ་ཡག་བཙོག་ལ་འབྲེལ་བ་མེད་ཀི།
ཡིད་གཞུང་དྲངས་བ་དང་གཤིས་ཀ་འཇམ་ནས།།
སེམས་ཀྱི་དུངས་པ་འདི་ཁྱོད་ལ་ཤོར་ན།།
སྙིང་གཅེས་ལོག་ལོག་ཏེ་ཁྱོད་རང་ཡིན་ནོ།།

སོ་སྐྱེས་འུ་ཅག་གིས་འཁྲབ་པའི་གློག་བརྙན།།
སྐྱེས་བུ་དམ་པ་རྣམས་ངུ་ཁ་འཆོར་ཡང་།།
རང་གི་ནུས་ཚོད་པོ་འདི་ཙམ་ཡིན་པས།།
གནོང་འགྱོད་མཆི་མ་ཞིག་རང་ལ་མི་འདུག།

དགའ་བ་དུངས་པ་འདི་སྐད་ཅིག་འགྱུར་ན།།
འཇིག་རྟེན་འཁོར་བ་འདི་ནམ་ཞིག་སྟོང་ལ།།
འགྱུར་མེད་བརྩེ་བ་ཞིག་ཡོད་པའི་རྐྱེན་གྱིས།།
འཁོར་བ་མ་སྟོང་བར་ཡོད་པ་འདི་རེད།།

དམ་པའི་ལྷ་ཆོས་ཀྱི་ལོ་རྒྱུས་རིང་བ།།
འཇིག་རྟེན་མི་ཡུལ་གྱི་མི་ལ་ཐུག་ཡོད།།
ད་དུང་དོན་སྙིང་གི་རིན་ཐང་ཡོད་པ།།
འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་རག་ལས།།

དེ་བས་སྙིང་གྲོགས་ཀྱི་མི་མོ་ཁྱོད་དང་།།
འདས་བའི་ལོ་ཟླ་ལ་སྙིང་གཏམ་བཤད་པ།།
སེམས་ཀྱི་ངལ་བ་ཙམ་གསོ་བའི་ཆེད་མིན།།
མཐའ་མར་འབྲས་བུ་ཞིག་ཡོད་པར་སོམས་དང་།།

ཉི་མ་ནུབ་བཞུད་ཀྱི་ས་སྲོད་རེ་ལ།།
ཡིད་ཀྱི་དྲན་པ་འདི་ཕྱིར་ལ་བཀུགས་ན།།
ལྷད་མེད་བརྩེ་བ་ཡི་སྙིང་གཏམ་བཤད་སའི།།
ཕ་ཡུལ་འབྲོག་ལྗོངས་ཀྱི་རྩྭ་ཐང་དྲན་ཡོང་།།

གཤིས་ཀ་གཡང་དཀར་ཀྱི་བལ་ལས་འཇམ་ལ།།
སེམས་པ་དངུལ་དཀར་གྱི་མདོག་དང་འདྲ་བས།།
ཚིག་གཅིག་ཚིག་གཉིས་ཀྱི་སྙིང་གཏམ་གླེང་བ།།
ཁ་དང་ཁོག་པ་གཉིས་སོ་སོར་མི་འགལ།།

བྲལ་དུས་སྐྱོ་གདུང་གི་མིག་ཆུ་མ་གཏོང་།།
རང་ལུས་བདེ་ཐང་ལ་གནོད་པ་ཆེའོ།།
འཛོམས་དུས་མི་བྲལ་ཞེས་མནའ་ཚིག་མ་བོར།།
སྔོན་བསགས་ལས་དབང་གི་བཀའ་འདི་བཙན་ནོ།།

མི་ཆེན་དགོན་ཆེན་རྣམས་དཔང་བར་བཞག་ནས།།
ཆེན་པོ་མནའ་རྒན་ཞིག་བསྐྱལ་དོན་མི་འདུག།
འགྱུར་མེད་བརྩེ་བ་ཞིག་ཡོད་པ་བདེན་ན།།
མི་ཚེ་འགྲུལ་བཞུད་ཀྱི་ལམ་ནས་བལྟས་ཆོག།
                                      ༢༠༠༩  ༧  ༩ ལ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།