ཁུ་སིམ་གྱི་འཇིག་རྟེན།

ལབ་ཚེ་རིང་།༼དར་མདོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-30


རང་སྣང་རྩེན་ལ་དོད་པའི་མགྲིན་གླུ་འདི།།
སྲ་འཐས་རྨི་ལམ་དཀྲོགས་པའི་སྐྱ་རེངས་བརྡ།།
སྤྱོམ་ཚིག་ངག་གི་འཆའ་བའི་རྐང་རུས་དེ།།
འཐོར་རླུང་བྱེ་མས་འགེམ་བཞིན་སྙིགས་སུ་སྦས།།

ངེས་ཤེས་ལྕགས་ལ་གཙུབ་འདྲའི་རྣོ་ངར་གྱིས།།
མཐོང་ལམ་བྲེད་དུ་གཉོམ་པའི་ཨ་ཙ་མ།།
ཡིད་འོང་ཞེ་ལ་འཁྲེན་པའི་དབྱངས་རྟ་ཞིག།
ནམ་ཞར་ཤེས་བློ་བསྙིལ་བའི་ཕུང་བོ་ཟད།།

བསམ་གཏན་དམིགས་ལ་སྒོམ་པའི་བརྟན་བརླིང་གིས།།
གསར་བྱུང་བློ་ཡི་འབྱེད་པ་གདོལ་དུ་བདས།།
ཕྲ་ཐུང་བསམ་པའི་འཁོར་བ་བྲན་བསྒྱུར་གྱིས།།
རང་མགོ་རྡོག་ཏུ་བརྫིས་པའི་ན་ཟུག་སྐྱེས།།

བདེན་དོན་ཚད་མས་འགྲེལ་བའི་རྟོག་གེ་བ།།
འཕག་འཚག་ངར་གྱིས་དགྱེ་བའི་སྙིང་དུ་རྒྱུ།།
རང་སྲོག་འབེན་དུ་འཛུགས་པའི་སྙིང་སྟོབས་ཤིག།
བབ་ཅོལ་གསོག་གསོབ་སྐལ་གྱིས་འཕྲོག་ལ་འཁྱེར།།

སྤྱན་ཆབ་སེམས་སུ་གདུ་བའི་ཚ་རྔམ་གྱིས།།
འདོད་ཡོན་ཆར་ཟིལ་འབེབས་པའི་སྲོག་རྟ་བརླན།།
དྲོད་ཁོལ་མེ་རུ་བསྒྲོན་པའི་འཇམ་རེག་གིས།།
འཆར་ཡན་སྤྲིན་དང་འདྲེས་ཏེ་ཀློང་དུ་བརྡོལ།།

བག་རེ་སྙན་འཇེབས་འོངས་པའི་གཅམ་བུའི་སྐད།།
ཚུགས་མེད་གཤིས་ལུགས་བོར་བའི་ཧར་གཏམ་དགྱེ།།
མིག་ལྟོས་ཕྱི་ཐག་གཡེལ་བའི་རྣམ་རྟོག་གིས།།
རང་སེམས་རང་གིས་གསིལ་བའི་ཨ་ཐང་ཆད།།

རྒྱང་འབུད་དུང་གིས་བཤགས་པའི་སྒྲ་འཛིན་འདི།།
སུན་སྣང་བོགས་སུ་ཐོན་པའི་སྡང་མིག་འཁུ།།
ལེགས་ཉེས་རྨོངས་སུ་འགུགས་པའི་སྦྱོར་བ་དེས།།
ཅི་ཡིན་མ་འཚལ་རོ་ལངས་གྱེན་དུ་ཀེར།།

བདེན་སྣང་ཁུ་སིམ་འཁྱར་བའི་བར་སྣང་དུ།།
རྣམ་ཤེས་རླུང་གིས་འགྲིབ་པའི་བེམ་རོ་ལྟུང་།།
ཚེ་སྲོག་རྨང་ནས་བཀུམ་པའི་གླེན་རྟགས་སུ།།
ལོ་རྒྱུས་ཐ་སྙད་དག་ནི་རྒྱང་དུ་སྤྱུགས།།

        ༢༠༡༡.༤.༢.ཉིན་མལ་ཤག་ནས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁུ་སིམ་གྱི་འཇིག་རྟེན།

2011-05-30 ལབ་ཚེ་རིང་།༼དར་མདོ༽ ཀློག་གྲངས། མཆན ཡོད།


རང་སྣང་རྩེན་ལ་དོད་པའི་མགྲིན་གླུ་འདི།།
སྲ་འཐས་རྨི་ལམ་དཀྲོགས་པའི་སྐྱ་རེངས་བརྡ།།
སྤྱོམ་ཚིག་ངག་གི་འཆའ་བའི་རྐང་རུས་དེ།།
འཐོར་རླུང་བྱེ་མས་འགེམ་བཞིན་སྙིགས་སུ་སྦས།།

ངེས་ཤེས་ལྕགས་ལ་གཙུབ་འདྲའི་རྣོ་ངར་གྱིས།།
མཐོང་ལམ་བྲེད་དུ་གཉོམ་པའི་ཨ་ཙ་མ།།
ཡིད་འོང་ཞེ་ལ་འཁྲེན་པའི་དབྱངས་རྟ་ཞིག།
ནམ་ཞར་ཤེས་བློ་བསྙིལ་བའི་ཕུང་བོ་ཟད།།

བསམ་གཏན་དམིགས་ལ་སྒོམ་པའི་བརྟན་བརླིང་གིས།།
གསར་བྱུང་བློ་ཡི་འབྱེད་པ་གདོལ་དུ་བདས།།
ཕྲ་ཐུང་བསམ་པའི་འཁོར་བ་བྲན་བསྒྱུར་གྱིས།།
རང་མགོ་རྡོག་ཏུ་བརྫིས་པའི་ན་ཟུག་སྐྱེས།།

བདེན་དོན་ཚད་མས་འགྲེལ་བའི་རྟོག་གེ་བ།།
འཕག་འཚག་ངར་གྱིས་དགྱེ་བའི་སྙིང་དུ་རྒྱུ།།
རང་སྲོག་འབེན་དུ་འཛུགས་པའི་སྙིང་སྟོབས་ཤིག།
བབ་ཅོལ་གསོག་གསོབ་སྐལ་གྱིས་འཕྲོག་ལ་འཁྱེར།།

སྤྱན་ཆབ་སེམས་སུ་གདུ་བའི་ཚ་རྔམ་གྱིས།།
འདོད་ཡོན་ཆར་ཟིལ་འབེབས་པའི་སྲོག་རྟ་བརླན།།
དྲོད་ཁོལ་མེ་རུ་བསྒྲོན་པའི་འཇམ་རེག་གིས།།
འཆར་ཡན་སྤྲིན་དང་འདྲེས་ཏེ་ཀློང་དུ་བརྡོལ།།

བག་རེ་སྙན་འཇེབས་འོངས་པའི་གཅམ་བུའི་སྐད།།
ཚུགས་མེད་གཤིས་ལུགས་བོར་བའི་ཧར་གཏམ་དགྱེ།།
མིག་ལྟོས་ཕྱི་ཐག་གཡེལ་བའི་རྣམ་རྟོག་གིས།།
རང་སེམས་རང་གིས་གསིལ་བའི་ཨ་ཐང་ཆད།།

རྒྱང་འབུད་དུང་གིས་བཤགས་པའི་སྒྲ་འཛིན་འདི།།
སུན་སྣང་བོགས་སུ་ཐོན་པའི་སྡང་མིག་འཁུ།།
ལེགས་ཉེས་རྨོངས་སུ་འགུགས་པའི་སྦྱོར་བ་དེས།།
ཅི་ཡིན་མ་འཚལ་རོ་ལངས་གྱེན་དུ་ཀེར།།

བདེན་སྣང་ཁུ་སིམ་འཁྱར་བའི་བར་སྣང་དུ།།
རྣམ་ཤེས་རླུང་གིས་འགྲིབ་པའི་བེམ་རོ་ལྟུང་།།
ཚེ་སྲོག་རྨང་ནས་བཀུམ་པའི་གླེན་རྟགས་སུ།།
ལོ་རྒྱུས་ཐ་སྙད་དག་ནི་རྒྱང་དུ་སྤྱུགས།།

        ༢༠༡༡.༤.༢.ཉིན་མལ་ཤག་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།