ནམ་མཁར་གཟིགས་པ།

སྐྱེས་ཆེན་སུ་ཞིག་གིས་དགོངས་འཁྲོལ་མ་ཐོབ་པའི་ཞོགས་པ་དེར
ང་རང་ལམ་ལ་ཆས་པ་ཡིན
རྩྭ་ཟིལ་གྱི་མིག་ཆུ་རྐང་ཆུང་གིས་འཐུང་བཞིན
ཕ་ཡུལ་དུ་ལམ་ལ་ཆས་པ་ཡིན

ཞེན་ཆགས་ཀྱི་ནེམ་ཤ་འཇམ་པོ་ཞིག་རུམ་ལ་ལྷུང་འདྲའི
ཕ་ཡུལ་གྱི་རྩྭ་ཐང་ཁུད་ནས
རང་དབང་གིས་གན་རྐྱལ་དུ་ཉལ་ཏེ
ནམ་མཁར་ཕུར་ཚུགས་སུ་བལྟས་ན
ནམ་མཁའ་ནི་བྱིས་དུས་ཀྱི་སྐྱེ་མཚར་དང་འདྲ་བར་ང་ལ་འདྲི་བ་མང་བོ་འཕེན་བཞིན་འདུག
ནམ་མཁའ་ནི་ན་གཞོན་དག་གི་དཔྱོད་ཤེས་དང་འདྲ་བར་ང་ལ་ཚ་འདྲི་མོད་པོ་གཏོང་གིན་འདུག
ནམ་མཁའ་ནི་རྒས་འཁོགས་གང་གི་ཉམས་མྱོང་དང་འདྲ་བར་ང་ལ་བསླབ་བྱ་རྫོགས་མེད་གནང་གིན་འདུག

ནམ་མཁའ་ནི་རང་ཉིད་གཅིག་བུ་ལས་མི་ཤོང་བའི་སྤྱིལ་བུ་ཁྱི་ཁང་འདྲ་བ་དེ་ཡིན་སྲིད་ལ
ནམ་མཁའ་ནི་སུས་ཀྱང་རེག་མི་ཐུབ་པའི་བར་སྣང་ཁྱོན་ཡངས་པོ་དེ་ཡིན་ཡང་སྲིད
ངས་སྨག་རུམ་གྱི་ཚར་ལྭ་གྱོན་པའི་ཕ་ཡུལ་གྱི་དབྱར་གཞུང་ནས
ཡང་ན
དྭངས་གཙང་གི་སྐ་རགས་དཀྲིས་པའི་ཕ་ཡུལ་གྱི་དགུན་ལྗོངས་ནས
ཆེ་ཡང་ཆེ་ལ  ཆུང་ཡང་ཆུང་བའི
ནམ་མཁར་བལྟས་ཀྱིན་བལྟས་ཀྱིན
འུ་ཚང་གི་མཆོད་མདུན་ནས་ལུས་པའི
བོད་དཔེ་སྣ་རིང་མ་དེ་དག་དྲན་བྱུང་ལ
སྐར་མ་བརྩི་བའི་བྱིས་པ་གླེན་པ་དེ་དག་ཀྱང་དྲན་བྱུང

མཚམས་སྤྲིན་གྱི་རོལ་དབྱངས་དཀྲོལ་མཚམས་བཞག་རྗེས
ང་ནི་གད་པ་ལྟ་བུའི་ཕ་ཡུལ་གྱི་ངོ་གདོང་གཞན་ཞིག་ན
ཕ་ཡུལ་གྱི་ལྷིང་འཇགས་ལྷོད་ཀྱིས་བརྐུ་བའི་གླུ་བ་ཁེར་རྐྱང་དེ་ཡིན་པ་ཚོར་བྱུང
མྱི་ཚེ་ཞེས་པ་ཤེད་དང་སྟོབས་ཀྱིས་སྐྱོར་བའི་སྙིང་ཆུང་ལ་རེག་ཙམ་རེག་ཙམ་བགྱིས་པ་ན
ནམ་མཁའ་ནི་རང་ཉིད་ཀྱི་ལོ་རྒྱུས་བྲི་སའི་ཤོག་ལྷེ་སྔོན་པོ་ཞིག་ཐང་དུ་བཤམས་པ་འདྲ་ལ
ངོ་གདོང་ཅི་རིགས་གསལ་ཁ་འབྱིན་བྱེད་ཀྱི་མེ་ལོང་ཟུར་གསུམ་མ་ཞིག་འཕྲེད་ཀྱིས་བཞག་པའང་འདྲ
ད་རུང   མནོལ་གྲིབ་ཕོག་པའི་ལུས་གཟུགས་ལ་གཙང་དག་བྱེད་པའི་ཁྲུས་གཞོང་ཞིག་ཆེད་དུ་བཀོད་སྒྲིག་བྱས་པའང་ཀུན་ནས་མཚུངས

སྐབས་དང་སྐབས་རེར
ནམ་མཁའ་ནི་ཡང་འགྲེལ་བསྐྱར་འགྲེལ་བརྒྱབ་པའི་རིག་གཞུང་རྙིང་བ་ཞིག་གི་བརྡ་ཆད་འདྲ་ལ
མཚམས་དང་མཚམས་རེར
ནམ་མཁའ་ནི་ལས་དབང་སྐྱ་བོ་མཚོན་པའི་ཐ་སྙད་གསོན་པོ་ཞིག་ཏུའང་ངེས
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནམ་མཁར་གཟིགས་པ།

2011-05-30 ལྗགས་མདའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།