ཁྱོད་ཚོས་རྫུན་མ་ལབ་ཅིག
དར་གོས་ཡུག་གཅིག་གིས
ཆུ་བཞི་སྒང་དྲུག་གི་རུལ་ལ་ཉེ་བའི་ལུས་པོ་འདི
དམུ་སྐེ་ལ་འཛེགས་ནས་དག་ཞིང་དུ་བསྐྱལ་ཐུབ་བམ
ད་ཁྱོད་ཚོས་རྫུན་མ་ལབ་ཅིག
གཏམ་རྒྱུད་དང་ཁ་སང་ལ་དུང་བའི་མྱི་རིགས་འདིས
ཁ་ལ་ལ་ཚྭ་སྒོག་བསྲེས་པ་ནང་བཞིན་གྱི
རྫུན་པའི་སྦྲིད་སྨན་གྱིས་རྨོངས་སུ་བཅུག་པའི་སེམས་ཅན་འདི་དག་བསྐྱབ་ན་ལེགས
ཏི་སེས་ཡང་དབུ་ཞྭས་གདོང་བཀབ་སྟེ་མིག་ཆུའི་ཟེགས་མ་འཐོར་བཞིན་འདུག
མ་ཕམ་གྱིས་ཀྱང་གདུང་བས་གཟིར་ནས་དར་བའི་ལུས་ཀྱང་འཁོགས་ལ་ཉེ
ད་དུང་ཡར་ལྷ་ཤམ་པོ རྨ་རྒྱལ་སྦོམ་ར སྒྱོགས་ཆེན་ལྡོང་ར
ལོ་རྒྱུས་ཀྱི་དཔང་བོ་དང་མེས་པོའི་གཏམ་རྒྱུད་ལ་བྱང་ཆ་ཡོད་པའི་རྒན་པོ་འདི་དག་ཀྱང
ཁྱོད་ཚོའི་རྫུན་གྱི་དུག་རླངས་དེས
ལུས་སེམས་ལ་ན་ཟུག་ཅི་འདྲ་ཐེབས་པ་སུ་ཡིས་རྟོགས
ད་ཁྱོད་ཚོས་རྫུན་མ་ལབ་ཅིག
རུལ་ནས་ཐེད་ལ་ཉེ་བའི་ཡབ་མེས་ཀྱི་བེམ་པོའི་ཆེད་དུ
འཛད་ནས་ཟད་ལ་ཉེ་བའི་ཕ་གཞིས་ཀྱི་མར་མེའི་སླད་དུ ་
མཆན། ཁ་ལ་ཞེས་པ་ནི་དབུས་གཙང་གི་ཡུལ་སྐད་དུ་ཟ་མའི་དོན་ཡིན་ཞིང་རྒྱ་གར་སྐད་ཡིན་པར་བཤད།
རྩོམ་ཁུངས། ངེད་དྲ་བ།