སེམས་ཀྱི་ས་བོན།༼སྙན་ཚོམ༽

ཡངས་སངས།༼མཚོ་ལྷོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-24

              
                       ཁྲག
ཚོན་མདངས་མ་ཡིན་ལ་  ཆུ་བོ་ལྟར་བཞུར་མི་རིང་བའི་ཁྱོད   མིག་ཆུ་ཞིག
 གི་དོད་དུ་    སུ་ཞིག་གི་ཚབས་ལ་   མིག་ཆུ་བཞིན་བཞུར་ངེས་ཡིན
                     གྲིབ་མ
ང་ཁྱོད་དང་འདྲ་ཞིང་  ཁྱོད་ང་དང་ཡང་འདྲ་   དོན་དངོས་སུ་ 
མཚན་མོ་རེ་རེ   ང་ཁྱོད་ཀྱི་གམ་ན་ཉལ་ཞིང་  
ཉིན་མོ་རེ་རེར  ངས་ཁྱོད་ཀྱི་བཀོད་འདོམས་ལ་ཉན་བཞིན་ཡོད 
                    སྤྲིན་པ
 སྤྲིན་པ   ངའི་སེམས་པ་བཞིན་    རླུང་བུ་རེ་གཡུགས་ཤུལ་ན
རྒྱུ་མཚན་ཅི་ཡང་མེད་པར་    ངོ་མདོག་གནག    
 ལོ་ངོ་ཅི་ཙམ་ཀྱི་རྗེས་སུ་  ཕ་ཡུལ་གྱི་ངོ་གདོང་ཡང་ངའི་སེམས་པ་བཞིན
དགའ་བ་རེ་དང་སྐྱོ་བ་འགའི་རྗེས་སུ་  ནམ་མཁའི་པང་བ་ན་ཤར་མར་
འཁྱུལད་བའི་སྤྲིན་པ་དང་ཅི་འདྲའི་འདྲ་ཨང་
            འབྲོག་ཁྱི་ཞིག་གི་ཁེར་ལབ  
                              ང་ནི་འབྲོག་ཁྱི་ཞིག་སྟེ་  ང་ལའང་རང་ཉིད་ཁོ་ནར་དབང་བའི་འཚོ་སྟངས་ཞིག་ཡོད
                                                                                                     __རྨ་ལྷོ་འཆི་མེད་ནས 
 མ་གཞི་ནས  ང་ནི་སྙིང་སྟོབས་ཤིག་སྟེ་   སེམས་ཅན་ཕ་མཐར་
བསྐྲད་པའི་ཀུན་གཞི་ཚང་ཡོད་    འོན་ཀྱང་  སྔ་མ་ཚོའི་གྱོང་གུན་
ཕྱི་མ་ཚོའི་བསོད་ནམས་ཀྱི་ཚོགས་བསགས་སུ་  ང་རང་ཡང་བྲན་གཡོག་ཅིག

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་ས་བོན།༼སྙན་ཚོམ༽

2011-05-24 ཡངས་སངས།༼མཚོ་ལྷོ༽ ཀློག་གྲངས། མཆན ཡོད།

              
                       ཁྲག
ཚོན་མདངས་མ་ཡིན་ལ་  ཆུ་བོ་ལྟར་བཞུར་མི་རིང་བའི་ཁྱོད   མིག་ཆུ་ཞིག
 གི་དོད་དུ་    སུ་ཞིག་གི་ཚབས་ལ་   མིག་ཆུ་བཞིན་བཞུར་ངེས་ཡིན
                     གྲིབ་མ
ང་ཁྱོད་དང་འདྲ་ཞིང་  ཁྱོད་ང་དང་ཡང་འདྲ་   དོན་དངོས་སུ་ 
མཚན་མོ་རེ་རེ   ང་ཁྱོད་ཀྱི་གམ་ན་ཉལ་ཞིང་  
ཉིན་མོ་རེ་རེར  ངས་ཁྱོད་ཀྱི་བཀོད་འདོམས་ལ་ཉན་བཞིན་ཡོད 
                    སྤྲིན་པ
 སྤྲིན་པ   ངའི་སེམས་པ་བཞིན་    རླུང་བུ་རེ་གཡུགས་ཤུལ་ན
རྒྱུ་མཚན་ཅི་ཡང་མེད་པར་    ངོ་མདོག་གནག    
 ལོ་ངོ་ཅི་ཙམ་ཀྱི་རྗེས་སུ་  ཕ་ཡུལ་གྱི་ངོ་གདོང་ཡང་ངའི་སེམས་པ་བཞིན
དགའ་བ་རེ་དང་སྐྱོ་བ་འགའི་རྗེས་སུ་  ནམ་མཁའི་པང་བ་ན་ཤར་མར་
འཁྱུལད་བའི་སྤྲིན་པ་དང་ཅི་འདྲའི་འདྲ་ཨང་
            འབྲོག་ཁྱི་ཞིག་གི་ཁེར་ལབ  
                              ང་ནི་འབྲོག་ཁྱི་ཞིག་སྟེ་  ང་ལའང་རང་ཉིད་ཁོ་ནར་དབང་བའི་འཚོ་སྟངས་ཞིག་ཡོད
                                                                                                     __རྨ་ལྷོ་འཆི་མེད་ནས 
 མ་གཞི་ནས  ང་ནི་སྙིང་སྟོབས་ཤིག་སྟེ་   སེམས་ཅན་ཕ་མཐར་
བསྐྲད་པའི་ཀུན་གཞི་ཚང་ཡོད་    འོན་ཀྱང་  སྔ་མ་ཚོའི་གྱོང་གུན་
ཕྱི་མ་ཚོའི་བསོད་ནམས་ཀྱི་ཚོགས་བསགས་སུ་  ང་རང་ཡང་བྲན་གཡོག་ཅིག

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།