གཉེན་ཉེ་ཚོ།

        
        ཁྲག་མདོག་གིས་ཚོས་པའི་གཉེན་ཉེ་ཚོའི་མིག་ཀོང་ལས
        འུ་ཐུག་གི་མཆུ་ཞགས་མཐོང་དུས
        འཇིགས་སྐྲག་གི་རྨི་ལམ་དེ
        འཚོ་བའི་མདུན་མར་བཅོལ་བའི་འོད་སྣང་ཕྲན་བུ་དེ་ཡིན་ནམ
        ཡང་ན་མུན་ནག་གི་འཇིངས་སུ་འཐིམ་པའི་སྔོ་ནག་གི་ལྕགས་དྲ་དེ་ཡིན

        རི་གླུ་ལྟ་བུའི་འབོད་པ་དེ
        མཛའ་ན་མོ་ཁོ་ནའི་གདུང་བ་ག་ལ་ཡིན
        མཐོ་ས་རེ་བུད་དང་  ཡང་ན་
        ཁུ་སིམ་པའི་མཚན་མོའི་བྲང་གཞུང་ལ་ཉན་ཚེ
        འུར་ཟིང་གིས་ཁེངས་པའི་ལོ་ཟླ་དེ་ཚོར
        རི་ཉུལ་ཐང་ཉུལ་བྱེད་པའི་མཚན་མོར་མང་པོར
        ན་ཟླ་ཚོ་རེ་རེ་བཞིན་བརླགས་སོང་སྐད
        འཚོ་བའི་སྙིང་པོ་ཡ   
        མུན་ནག་དེའི་དབང་གིས
        ཟུག་གཟེར་གྲངས་མེད་ཀྱི་རྨ་ཁ་ཟབ་མོ་འམ
        མངོན་སུམ་འཛེམ་མེད་ཀྱི་ཁྲག་ཐིགས་རེ་རེ
        གཉེན་ཉེ་ཚོའི་ལས་སྐལ་དུ་བབས་སོང
        གཉེན་ཉེ་ཚོའི་མིག་ཆུ་རུ་གྱུར་སོང
       
        ཧ་ཅང་གཉོམ་པའི་གཉེན་ཉེ་ཚོའི་ངུ་སྐད
        སེམས་ཁར་བབས་པའི་སྐྱོ་གདུང་སྟེ
        ཐག་རིང་ཞིག་ནས་ལོ་ཟླ་མང་པོ་བཞུར་སོང་ཡང
        རི་བོ་ཕ་རོལ་ནས་ཡང་ཡང་རྙེད་པའི་ཚོར་བ
        ངའི་སྙན་ངག་གི་བླ་སྲོག་ལ་འཐིམ་སོང
        ངའི་སྙན་ངག་གི་རིན་ཐང་ལ་འཐིམ་སོང
                                                                           

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཉེན་ཉེ་ཚོ།

2011-05-23 བྱ་སྨྱོན་པ། ཀློག་གྲངས། མཆན ཡོད།

        
        ཁྲག་མདོག་གིས་ཚོས་པའི་གཉེན་ཉེ་ཚོའི་མིག་ཀོང་ལས
        འུ་ཐུག་གི་མཆུ་ཞགས་མཐོང་དུས
        འཇིགས་སྐྲག་གི་རྨི་ལམ་དེ
        འཚོ་བའི་མདུན་མར་བཅོལ་བའི་འོད་སྣང་ཕྲན་བུ་དེ་ཡིན་ནམ
        ཡང་ན་མུན་ནག་གི་འཇིངས་སུ་འཐིམ་པའི་སྔོ་ནག་གི་ལྕགས་དྲ་དེ་ཡིན

        རི་གླུ་ལྟ་བུའི་འབོད་པ་དེ
        མཛའ་ན་མོ་ཁོ་ནའི་གདུང་བ་ག་ལ་ཡིན
        མཐོ་ས་རེ་བུད་དང་  ཡང་ན་
        ཁུ་སིམ་པའི་མཚན་མོའི་བྲང་གཞུང་ལ་ཉན་ཚེ
        འུར་ཟིང་གིས་ཁེངས་པའི་ལོ་ཟླ་དེ་ཚོར
        རི་ཉུལ་ཐང་ཉུལ་བྱེད་པའི་མཚན་མོར་མང་པོར
        ན་ཟླ་ཚོ་རེ་རེ་བཞིན་བརླགས་སོང་སྐད
        འཚོ་བའི་སྙིང་པོ་ཡ   
        མུན་ནག་དེའི་དབང་གིས
        ཟུག་གཟེར་གྲངས་མེད་ཀྱི་རྨ་ཁ་ཟབ་མོ་འམ
        མངོན་སུམ་འཛེམ་མེད་ཀྱི་ཁྲག་ཐིགས་རེ་རེ
        གཉེན་ཉེ་ཚོའི་ལས་སྐལ་དུ་བབས་སོང
        གཉེན་ཉེ་ཚོའི་མིག་ཆུ་རུ་གྱུར་སོང
       
        ཧ་ཅང་གཉོམ་པའི་གཉེན་ཉེ་ཚོའི་ངུ་སྐད
        སེམས་ཁར་བབས་པའི་སྐྱོ་གདུང་སྟེ
        ཐག་རིང་ཞིག་ནས་ལོ་ཟླ་མང་པོ་བཞུར་སོང་ཡང
        རི་བོ་ཕ་རོལ་ནས་ཡང་ཡང་རྙེད་པའི་ཚོར་བ
        ངའི་སྙན་ངག་གི་བླ་སྲོག་ལ་འཐིམ་སོང
        ངའི་སྙན་ངག་གི་རིན་ཐང་ལ་འཐིམ་སོང
                                                                           

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།