གོང་མའི་ཕོ་བྲང་དུ་རྐུན་མ་ཤོར་བ་ལས་འཕྲོས་པ།
རྒྱང་རིང་ནས་ཉན་ན།
གོང་མའི་ཕོ་བྲང་ནི་ལྷ་སྒྲུང་ཞིག་སྟེ།
གཏམ་རྒྱུད་ཀྱི་ཤོག་ལྷེ་རེ་རེ།
ངོ་མཚར་གྱི་སྣོད་དུ་བཅུག་འདུག
ཐག་ཉེ་ནས་བལྟས་ན།
གོང་མའི་ཕོ་བྲང་ནི་ལོ་རྒྱུས་ཤིག་སྟེ།
མཁར་གྱང་གི་གས་སྲུབས་རེ་རེ།
ལོ་ཟླ་མང་པོས་བསེད་ཅིང་དཀྲོལ་གདའ།
གོང་མའི་ཕོ་བྲང་ནི་ལོ་རྒྱུས་ཤིག་སྟེ།
མཁར་གྱང་གི་གས་སྲུབས་རེ་རེ།
ལོ་ཟླ་མང་པོས་བསེད་ཅིང་དཀྲོལ་གདའ།
སྔོན་ཆད་ཀྱི་དུས་སུ།
གོང་མའི་ཕོ་བྲང་ནི་གསང་བ་ཞིག་སྟེ།
རྒྱལ་པོ་དང་བཙུན་མོ་ཙམ་ལས།
མི་སེར་དག་གི་གྲིབ་གཟུགས་སྣང་དུ་མེད།
གོང་མའི་ཕོ་བྲང་ནི་གསང་བ་ཞིག་སྟེ།
རྒྱལ་པོ་དང་བཙུན་མོ་ཙམ་ལས།
མི་སེར་དག་གི་གྲིབ་གཟུགས་སྣང་དུ་མེད།
ད་ལྟའི་མཚམས་སུ།
གོང་མའི་ཕོ་བྲང་ནི་སྲང་ལམ་ཞིག་སྟེ།
འཁྱམ་པོ་དང་རྐུན་མ་དག་ཀྱང་།
རང་དབང་གིས་འཛུལ་ཞིང་འབུད་དོ། །
བརྙན་འཕྲུལ་གྱི་ནང་དུ།
གོང་མའི་ཕོ་བྲང་ནི་འཁོར་བ་ཞིག་སྟེ།
བློན་ཆེན་དང་བློན་ཆུང་དག
དགའ་སྐྱོ་ཆགས་སྡང་གི་འདམ་དུ་བྱིངས་འདུག
གོང་མའི་ཕོ་བྲང་ནི་འཁོར་བ་ཞིག་སྟེ།
བློན་ཆེན་དང་བློན་ཆུང་དག
དགའ་སྐྱོ་ཆགས་སྡང་གི་འདམ་དུ་བྱིངས་འདུག
དངོས་ཡོད་ཀྱི་ཁྲོད་དུ།
གོང་མའི་ཕོ་བྲང་ནི་དྭ་ཕྲུག་ཅིག་སྟེ།
དུས་རབས་མི་འདྲ་བ་འདིའི་ནང་དུ།
ཧ་ཀྱང་ཁེར་རྐྱང་དུ་ལུས་ནས་གདའ་འོ། །
༢༠༡༡ ༥ ༡༨ཉིན་པེ་ཅིང་ནས།
གོང་མའི་ཕོ་བྲང་ནི་དྭ་ཕྲུག་ཅིག་སྟེ།
དུས་རབས་མི་འདྲ་བ་འདིའི་ནང་དུ།
ཧ་ཀྱང་ཁེར་རྐྱང་དུ་ལུས་ནས་གདའ་འོ། །
༢༠༡༡ ༥ ༡༨ཉིན་པེ་ཅིང་ནས།
རྩོམ་ཁུངས། ངེད་དྲ་བ།