ལོག་ཡོང་གི་ཡོད། ཁྱོད་ཀྱི་དོན་དུ།

 
ཚིག་རེ་གཉིས་ཀྱིས
ང་ཚོའི་བར་ཐག་གི་དྲོད་ཁོལ་ཚོར་དཀའ་ནའང
ཁྱོད་ཕྱོགས་སུ་བཞུར་བའི་སེམས་པ
མཚན་མོའི་རྔམ་ཁ་ལས་བརྒལ་སོང

རང་ལ་དབང་བའི་སེམས་ཚོར་རྣོན་པོས
གྱེས་ཁའི་སྣང་བརྙན་གྱི་རི་མོ་བསུབ་མ་ཐུབ
དེའི་རྐྱེན་གྱིས འཁྲང་སེམས་དམར་པོ
ནམ་ཡང་རེ་སྒུག་གི་འདུན་མར་འཁྱུད་ཡོད

ཁེར་རྐྱང་གི་ཉིན་མཚན་ཁྲོད
དཔུང་ཁག་གཅིག་པའི་རྨི་ལམ་དེ་སྲུང་ནས
རྡོ་སྐས་དྲོན་མོའི་གཏམ་རྒྱུད་དེ་གླེང་ནས
འདས་པའི་ལོ་ངོ་ལྔ་བཅུ་ཕྲག་ལ་ཁུར་ཏེ
གོམ་སྟབས་ཆེན་པོས་ལོག་ཡོང་གི་ཡོད

རང་དབང་གི་ཁ་དབུགས་འཇམ་པོས
ཕྱིར་དྲན་གྱི་ན་ཟུག་བསླངས་སོང
བདེན་དོན་གྱི་རྨ་ཁ་ཟབ་མོས
གླུ་དབྱངས་ཤིག་ལེན་པའི་སྤོབས་པ་གནང་སོང

དྲན་སྣང་རྒོད་པའི་ས་མཐའི་ཐུ་འོག་ནས
གོམ་གང་མདུན་སྤོས་ཀྱིས
སྐྱོ་གདུང་ཚད་མེད་རྡོག་པོས་གནོན་བཞིན
ངལ་དུབ་གྲངས་མེད་རྒྱབ་ལ་གཡུག་བཞིན
ལོག་ཡོང་གི་ཡོད ཁྱོད་ཀྱི་དོན་དུ
                          ༢༠༠༨།༣།༣༡

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོག་ཡོང་གི་ཡོད། ཁྱོད་ཀྱི་དོན་དུ།

2011-05-21 བྱ་སྨྱོན་པ། ཀློག་གྲངས། མཆན ཡོད།

 
ཚིག་རེ་གཉིས་ཀྱིས
ང་ཚོའི་བར་ཐག་གི་དྲོད་ཁོལ་ཚོར་དཀའ་ནའང
ཁྱོད་ཕྱོགས་སུ་བཞུར་བའི་སེམས་པ
མཚན་མོའི་རྔམ་ཁ་ལས་བརྒལ་སོང

རང་ལ་དབང་བའི་སེམས་ཚོར་རྣོན་པོས
གྱེས་ཁའི་སྣང་བརྙན་གྱི་རི་མོ་བསུབ་མ་ཐུབ
དེའི་རྐྱེན་གྱིས འཁྲང་སེམས་དམར་པོ
ནམ་ཡང་རེ་སྒུག་གི་འདུན་མར་འཁྱུད་ཡོད

ཁེར་རྐྱང་གི་ཉིན་མཚན་ཁྲོད
དཔུང་ཁག་གཅིག་པའི་རྨི་ལམ་དེ་སྲུང་ནས
རྡོ་སྐས་དྲོན་མོའི་གཏམ་རྒྱུད་དེ་གླེང་ནས
འདས་པའི་ལོ་ངོ་ལྔ་བཅུ་ཕྲག་ལ་ཁུར་ཏེ
གོམ་སྟབས་ཆེན་པོས་ལོག་ཡོང་གི་ཡོད

རང་དབང་གི་ཁ་དབུགས་འཇམ་པོས
ཕྱིར་དྲན་གྱི་ན་ཟུག་བསླངས་སོང
བདེན་དོན་གྱི་རྨ་ཁ་ཟབ་མོས
གླུ་དབྱངས་ཤིག་ལེན་པའི་སྤོབས་པ་གནང་སོང

དྲན་སྣང་རྒོད་པའི་ས་མཐའི་ཐུ་འོག་ནས
གོམ་གང་མདུན་སྤོས་ཀྱིས
སྐྱོ་གདུང་ཚད་མེད་རྡོག་པོས་གནོན་བཞིན
ངལ་དུབ་གྲངས་མེད་རྒྱབ་ལ་གཡུག་བཞིན
ལོག་ཡོང་གི་ཡོད ཁྱོད་ཀྱི་དོན་དུ
                          ༢༠༠༨།༣།༣༡

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།