ལྷ་ས་བོར་བ།

 

ལྷིང་འཇགས་སུ་གཟིམ་པའི་དབྱངས་རྟ་སྣ་ཚོགས
ས་སྲོས་ཀྱི་སྒམ་དུ་བཅུས
རུས་རྐང་ལ་མཐུད་པའི་གནའ་བོའི་བྲག་ཐེམ་གྱི་མུན་པ
མིག་ཟུང་ནས་ལྕེབས་པའི་རྐང་ལམ་དང་རླུང་གིས་འཐུང
དེ་རིང
བདག་གིས་གཏམ་རྒྱུད་ཅིག་དང་ལྷན་དུ་བོར་མྱོང་བའི་ལྷ་ས
སླར་ཡང་རྙེད
ལྷ་སའི་སང་ཞོགས་ལྟ་བུའི་སྒོ་ཞིག་ཕྱེ་འདུག
འཚང་ཁ་ཤིག་ཤིག་གི་དབྱངས་རྟའི་ལག་པ་སྣ་ཚོགས
ཁོང་འདར་རྒྱག་གྱིན་པའི་དུར་ཁྲོད་དང་འོད་དུ་བསྲིངས
ལྷ་སའི་རང་ཉིད་ཀྱི་རྐང་ལག་དག་ཀྱང་སྒྲོམ་དཀར་པོ་ཞིག་ཏུ་བླུགས
གསང་གྲངས་མི་འདུག
ཡོད་ཚད་ཀྱིས་ཁ་ཕྱེས་ན་ཆོག
རླུང་གི་ཟེ་བའི་ཉི་ཟེར་དང་ཕོ་བྲང་ཁུར་ཏེ
སྐར་ཚོམ་གྱི་བྲང་ནས་འབྲོང་གི་གཏམ་རྒྱུད་བཙལ
སྐབས་དེར  ལྷ་སའི་ལག་པ་དམར་པོ་ཞིག
རྨི་ལམ་དུ་བསྐུངས་ནས
འཇའ་གུར་དང་སྤྲིན་པ་ལ་གསོལ་སྟོན་ཡང་ཡང་བཤམས
ད་ལྟ བདག་གི་ཡུལ་མི་ཚོས་ལྷ་ས་གསར་བ་ཞིག་རྙེད་ཡོད་ཚོད་འདུག
                                             
                                            2011.5.11ཉིན་ལྷ་སའི་མེ་འཁོར་བགྲོད་ལམ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་ས་བོར་བ།

2011-05-21 སྲིན་པོ། ཀློག་གྲངས། མཆན ཡོད།

 

ལྷིང་འཇགས་སུ་གཟིམ་པའི་དབྱངས་རྟ་སྣ་ཚོགས
ས་སྲོས་ཀྱི་སྒམ་དུ་བཅུས
རུས་རྐང་ལ་མཐུད་པའི་གནའ་བོའི་བྲག་ཐེམ་གྱི་མུན་པ
མིག་ཟུང་ནས་ལྕེབས་པའི་རྐང་ལམ་དང་རླུང་གིས་འཐུང
དེ་རིང
བདག་གིས་གཏམ་རྒྱུད་ཅིག་དང་ལྷན་དུ་བོར་མྱོང་བའི་ལྷ་ས
སླར་ཡང་རྙེད
ལྷ་སའི་སང་ཞོགས་ལྟ་བུའི་སྒོ་ཞིག་ཕྱེ་འདུག
འཚང་ཁ་ཤིག་ཤིག་གི་དབྱངས་རྟའི་ལག་པ་སྣ་ཚོགས
ཁོང་འདར་རྒྱག་གྱིན་པའི་དུར་ཁྲོད་དང་འོད་དུ་བསྲིངས
ལྷ་སའི་རང་ཉིད་ཀྱི་རྐང་ལག་དག་ཀྱང་སྒྲོམ་དཀར་པོ་ཞིག་ཏུ་བླུགས
གསང་གྲངས་མི་འདུག
ཡོད་ཚད་ཀྱིས་ཁ་ཕྱེས་ན་ཆོག
རླུང་གི་ཟེ་བའི་ཉི་ཟེར་དང་ཕོ་བྲང་ཁུར་ཏེ
སྐར་ཚོམ་གྱི་བྲང་ནས་འབྲོང་གི་གཏམ་རྒྱུད་བཙལ
སྐབས་དེར  ལྷ་སའི་ལག་པ་དམར་པོ་ཞིག
རྨི་ལམ་དུ་བསྐུངས་ནས
འཇའ་གུར་དང་སྤྲིན་པ་ལ་གསོལ་སྟོན་ཡང་ཡང་བཤམས
ད་ལྟ བདག་གི་ཡུལ་མི་ཚོས་ལྷ་ས་གསར་བ་ཞིག་རྙེད་ཡོད་ཚོད་འདུག
                                             
                                            2011.5.11ཉིན་ལྷ་སའི་མེ་འཁོར་བགྲོད་ལམ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།