ཡུལ་གྱར་བ་ཚོ།

སྦྲ་ནག་པ་རོལ་དབྱངས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-20


རྩམ་དྲི་དང་འོ་དྲི ཨ་མའི་བྱམས་བརྩེ་དང་ཕུ་ནུ་ཚོའི་དགོད་སྒྲ
ཅི་ཡང་མེད་པའི་གནས་ཚང་འདི་རུ
འུ་ཚོས་ནང་མི་ཚོའི་ཚེ་སྲོག་གི་འཇིགས་སྐྲག་སྙིང་ལ་བཅངས་ནས
མེ་མདའི་སོ་ཁ་ན་བགྲངས་བའི་དཔའ་རྒོད་ཚོའི་འབོད་སྒྲ་རེ་རེ་ཕྲག་ཏུ་ཁུར་ནས
མ་འོངས་བའི་ལྷན་འཛོམས་ཀྱི་ཆེད་དུ
རེ་སྒུག་ཁྲི་ཕྲག་གི་མཆི་མ་སེམས་ལ་བསྐྱིལ་བཞིན
ད་དུང་གང་ཞིག་ཏུ་འཚོ་གཞེས་གནང་དགོས

གཡང་དཀར་ལུག་གི་འབའ་སྒྲ འདོ་རིགས་རྟ་ཕོའི་འཚེར་སྐད
ཐུལ་དཀར་འབྲི་མོའི་ངུར་སྒྲ
ཧ་ཅང་ལྷིང་ཞིང་འཇགས་པའི་རྩྭ་ཐང་གི་སྒོ་ཁྱིའི་ཟུག་སྐད
ཅི་ཡང་མི་ཐོས་ས་ཞིག་ནས
འུ་ཚོས་སུ་ཞིག་གི་བརྙས་བཅོས་ཀྱི་རི་མོ་ཐོད་ལ་བླངས་ཏེ
སྦྲ་ནག་དྲན་པའི་མགུར་གླུ་རྡོག་རེ་ཤུགས་ཀྱིས་གྱེར་ནས
སུ་ཞིག་གི་འཚོ་གནས་ཀྱི་ཕྱིར་དུ གཉའ་གུག་གུག་དང་མགོ་སྒུར་སྒུར་བྱས་ནས
གང་ཞིག་ལ་ཕོག་ཐུག་འགྲོ་ཉེན་ཀྱི་གཉེན་ཁ་དང་བསྡོངས་ཏེ
ད་རུང་འཚོ་དགོས
ཡུམ་བུ་བླ་སྒང ཕོ་བྲང་པོ་ཏ་ལ གངས་ཀྱི་རི་བོ
ཧ་ཅང་ལྟ་ན་སྡུག་པའི་མི་ཡུལ་གྱི་མཛེས་བ་དག་མིག་མདུན་དུ་འཕྲོག་ཤུལ་ན
འུ་ཚོས་གངས་ཐང་ན་ལྷག་པའི་སྤུན་ཟླ་ཚོའི་མིག་ཆུ་བཏུང་བཞིན
ཕྱིར་མིག་གི་ཁྲོད་དུ་ལུས་བའི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ཤོག་སྟེང་དུ་བྲིས་ནས
རེ་འབྲས་ཞིག་གི་དོད་དུ རྐང་བ་མགོ་ལ་བཞག་ནས
དྲི་མེད་ཀྱི་ཁ་བཏགས་ཞིག་དང་ལྷན་དུ
ད་དུང་ཡང་སུ་ཚང་གི་སྤྱན་སྔར་འབུལ་བཞེས་གནང་དགོས་ཨང

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུལ་གྱར་བ་ཚོ།

2011-05-20 སྦྲ་ནག་པ་རོལ་དབྱངས། ཀློག་གྲངས། མཆན ཡོད།


རྩམ་དྲི་དང་འོ་དྲི ཨ་མའི་བྱམས་བརྩེ་དང་ཕུ་ནུ་ཚོའི་དགོད་སྒྲ
ཅི་ཡང་མེད་པའི་གནས་ཚང་འདི་རུ
འུ་ཚོས་ནང་མི་ཚོའི་ཚེ་སྲོག་གི་འཇིགས་སྐྲག་སྙིང་ལ་བཅངས་ནས
མེ་མདའི་སོ་ཁ་ན་བགྲངས་བའི་དཔའ་རྒོད་ཚོའི་འབོད་སྒྲ་རེ་རེ་ཕྲག་ཏུ་ཁུར་ནས
མ་འོངས་བའི་ལྷན་འཛོམས་ཀྱི་ཆེད་དུ
རེ་སྒུག་ཁྲི་ཕྲག་གི་མཆི་མ་སེམས་ལ་བསྐྱིལ་བཞིན
ད་དུང་གང་ཞིག་ཏུ་འཚོ་གཞེས་གནང་དགོས

གཡང་དཀར་ལུག་གི་འབའ་སྒྲ འདོ་རིགས་རྟ་ཕོའི་འཚེར་སྐད
ཐུལ་དཀར་འབྲི་མོའི་ངུར་སྒྲ
ཧ་ཅང་ལྷིང་ཞིང་འཇགས་པའི་རྩྭ་ཐང་གི་སྒོ་ཁྱིའི་ཟུག་སྐད
ཅི་ཡང་མི་ཐོས་ས་ཞིག་ནས
འུ་ཚོས་སུ་ཞིག་གི་བརྙས་བཅོས་ཀྱི་རི་མོ་ཐོད་ལ་བླངས་ཏེ
སྦྲ་ནག་དྲན་པའི་མགུར་གླུ་རྡོག་རེ་ཤུགས་ཀྱིས་གྱེར་ནས
སུ་ཞིག་གི་འཚོ་གནས་ཀྱི་ཕྱིར་དུ གཉའ་གུག་གུག་དང་མགོ་སྒུར་སྒུར་བྱས་ནས
གང་ཞིག་ལ་ཕོག་ཐུག་འགྲོ་ཉེན་ཀྱི་གཉེན་ཁ་དང་བསྡོངས་ཏེ
ད་རུང་འཚོ་དགོས
ཡུམ་བུ་བླ་སྒང ཕོ་བྲང་པོ་ཏ་ལ གངས་ཀྱི་རི་བོ
ཧ་ཅང་ལྟ་ན་སྡུག་པའི་མི་ཡུལ་གྱི་མཛེས་བ་དག་མིག་མདུན་དུ་འཕྲོག་ཤུལ་ན
འུ་ཚོས་གངས་ཐང་ན་ལྷག་པའི་སྤུན་ཟླ་ཚོའི་མིག་ཆུ་བཏུང་བཞིན
ཕྱིར་མིག་གི་ཁྲོད་དུ་ལུས་བའི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ཤོག་སྟེང་དུ་བྲིས་ནས
རེ་འབྲས་ཞིག་གི་དོད་དུ རྐང་བ་མགོ་ལ་བཞག་ནས
དྲི་མེད་ཀྱི་ཁ་བཏགས་ཞིག་དང་ལྷན་དུ
ད་དུང་ཡང་སུ་ཚང་གི་སྤྱན་སྔར་འབུལ་བཞེས་གནང་དགོས་ཨང

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།