གློ་ཁུག་ལྟ་བུའི་མཚན་མ།
གྱོང་པོ གྱོང་པོ གྱོང་པོ
ཀོ་བ་ལྟ་བུའི་སེམས་གྱི་རྒྱ་མཚོ་ལ་རྐྱལ་དུས
བདག་གི་ཚྭ་མེད་པའི་ཕྱེ་ཐུག་གི་དྲོ་བ་མེ་དང་ཆུ་རུ
སྣོད་ཀྱི་འོད་མདངས་ཡང་ཡང་ཚ་ལམ་ལམ་བྱས་ཀྱང
སྲིན་འབུ་དེ་དག་གི་ཟ་འཕྲུག་ལུས་ཟུངས་སུ
མཚན་མོ་དེའི་ལྷིང་འཇགས་དང་རྨི་ལམ་དཀྲོག
ཐང་བདེ་ས་ན་རྟ་རྒྱུགས་འགྲན་ན་ཡང
ཀློང་ཡངས་ས་ན་སྐད་ཆ་སྤུར་ཀྱང་རུང
གློག་ཆད་པའི་ཉི་མ་དེ་ནས་བཟུང་བདག་གི་ཡིད་རྟོན་བརྡར ཆད གས
ང་ཡི་གྲིབ་མ བོར ཡལ མཐོང་མེད་དུ
གསང་བའི་ངང་ཁྱོད་ཀྱི་གློ་ཁུག་ནང་ཤོག་སྒོར་ཅི་ཙམ མང་བོ་མང་བོ
བྲག་ཅ བྲག་ཅ ཀི་སྐྲ
བུད་མེད་དག་ཀྱང་ནམ་མཁའ་ལ་སྙེག་གྱིན
དགོ་དགོ་ངག་གི་ཚེར་མ་གཏན་དུ
ཚེར་མ ཚེར་མ ཚེར་མ་རུ་འགྱུར་རྗེས
བདག་གི་བ་སྤུའི་བུ་ག་རུ་ཟུགས་ཐེངས་རེ་རེར
ཁྱོད་ཀྱིས་ཕྱིར་བྲང་ཁོག་ངོས་ཀྱི་ནུ་འབུར་ལ་བྱིལ་བྱིལ
དགོད་གཏམ་འཆད་ཀྱིན་དོ་ནུབ་ཀྱི་ཁོ་མོ་ཉོས་ཟིན
སང་ཉིན་གྱི་ངེད་གི་བདག་པོ་དག་མ
ངོས་གཉིས་མ་རབ་རིབ་ཅིག
ཁོ་བོའི་ཀླད་པ་བསྐྱར་དཔར་ཤོག་ངོས་འགའ
ནག་ཚོང་རྒྱག་མཁན་མཚན་མ་རྐུ་མཁན
ཆང དུག ཆང སྨན
རྩེད་རའི་ཁྲོད་ཀྱི་ཁོ་མོ་དངངས་སད་བྱེད་དུ་བཅུག་ལ
ཕྱེ་མ་ལེབ་དཀར་བོ་དེར་རང་སྲོག་གཅོད་དུ་ཡང་བཅུག
བདག་གིས་དགུན་ཟླ་ཚུར་བསུ་བ་བཞིན
ཟླ་བ་དང་སྐར་མ་བགྲང་སྐབས་དེར
གློག་ཞགས་འཁྱུག མེ་སྟག་མཆེད བསང་མེ་འབར
ང་ནི་ལྕི་བ་སྐམ་པོ་ཞིག་ལྟར་ཁྱོད་ཀྱིས་གང་འདོད་འདོད
ཐབ་ཀར་བླུགས་ནས་ཇ་སྐོལ
ང་བཀྱིག་རོགས སྙིང་རྗེ ལྷག་བསམ
ང་གཏོང་རོགས འཕག་འཚག ང་རོ
སྒོ་མོ་གཏད་ཟིན ཟས་ལྷག་དག་ཀྱང་མིད
སྐད་དག་འགག་པའི་གདུ་པེ་སྲང་ལམ་ན
འཁྱར་མ་འཁྱོར འཁྱར་མ་འཁྱོར
ཁ་བ་དང་རླུང་འཚུབ
ཁྲག་དང་ཁ་དོག་འབྱུང་འགྱུར་བྱེད་དུས
བདག་གི་ཆུང་མ་ལ་བཙན་གཡབ་བྱེད་མཁན་དེ
སྐུ་སྲུང་དམག་མི་ངོ་སོ་ཅན་ཡིན་ན
ང་ནི་ཅིས་ཀྱང་སྲོག་ཆགས་མིག་མེད་གྲོག་མ་ལས་ཀྱང
སྙིང་མ་རྗེ སྙིང་མ་རྗེ སྙིང་མ་རྗེ
འོན་ཀྱང ང་ཡིས་འདུར་རྒྱུགས་ལ་ཚད་མེད་པའོ
སྲིན་པོ་མགོ་དགུ བྲན་བདག་གོང་མ
བྱིས་པ་ཞིག་ངུས་ནས་མིག་ཆུ་སར་གཅིག་རྗེས་གཉིས་མཐུད
ལོ་ལོན་དེ་རྒས་ནས་སྐྲ་ལོ་དཀར་བོ་དཀར་བོ
མིག་ཆུ་གློ་ཁུག སྐྲ་ལོ་མཚན་མ
ཟླ་བ་ཉ་གང་བའི་གཤེད་མ་སུ་ཞིག་གིས་ང་བཀྲུ
འཇམ་གཤིས་ལྡན་པའི་ལག་རས་དེས་ཕྱི
གཉིད་དང་བཟི་གཏམ བྲོ་དང་གླུ
རྙིད སྐམ ལྷུང
མེ་ལོང་དང་ངོ་གདོང རྩི
ང་ཚོད་ཚོད་ལ་འདར འཁྱག མནར
༢༠༠༨ ༩ ༢༩ཡི་མཚན་མོར་རྨ་ཆུའི་དྲ་ཁང་ཞིག་ནས།
རྩོམ་ཁུངས། ངེད་དྲ་བ།