རླུང་གཡུགས་བྱུང་།
རླུང་གཡུགས་པ་ནི
འཇིག་རྟེན་གྱི་རྨ་ཁ་ཐམས་ཅད་སོས་བྱེད་དམ
རྐ་རྐོ་ཐམས་ཅད་སྙོམས་བྱེད་དུ་ཡིན་ནམ
སེམས་ངལ་ལམ
ཚུར་ལ་ཁུར་འོང་བའི་བསམ་གཞིག་རེ་གཉིས་འཐུ་བྱེད
བསིལ་གཡབ་ལྟ་བུའི་སླེ་བོ་ཡོད་པས་ཡིན
བགྲོད་ལམ་བཅད་པའི
ཕོ་བྲང་གི་སྒོ་ཆེན་ཕྱེ་ཐུབ་པས་ཡིན་ནམ
ལྗིད་ཚད་ཐིག་ལེ་ལས་ཆུང་བའི་དངོས་པོ་མང་པོའི་ཡིན
གཞི་རིམ་གྱི་མཚན་མོས་ཟླ་བ་འདར་དུ་བཅུག་པའི་ཡིན
འབྲི་མོའི་ངུར་སྒྲ་དང
ཁྱི་གུའི་ཟུག་སྐད་སྔ་མོ་ནས་རླུང་དང་འདྲོགས་མྱོང་ནའང
གླེགས་བམ་ལྟ་བུའི་སེམས་པ
བཙན་རྫོང་ལྟ་བུའི་ཕོ་བྲང
རླུང་གིས་འཁུར་མ་ཐུབ
ནམ་ལངས་པ་ལྟ་བུའི
ས་རུབ་པ་ལྟ་བུའི
རླུང་གཡུགས་པ་ནི
སུ་ཞིག་གི་བླ་གཡུ་འཕྲོག་འདོད་པས་ཡིན་ནམ
ས་རྡུལ་གྱི་སློག་པ་ཀྱང་གྱོན་མི་དགོས་པར་དགུན་གཞུང་ཉུལ་ཐུབ་པས་ཡིན
གཞས་ར་སྙན་མོའི་རླུང་འགོག་མ་ཐུབ་ལ
སེམས་པ་ཕྲ་མོའི་ཀྱང་པད་མོའི་རྡུལ་ལ་རླུང་འཛིན་དུ་འཇུག་མ་ཐུབ
དྲན་འཆར་མང་པོས་འདུ་འགོད་ཀྱི་སྤྲིན་པ་གཡོ་དུས
རླུང་སེམས་ཁམས་དང་བསྟུན་ནས་གཡུགས་བྱུང
རླུང་ནི་ཆུ་མོའི་ཡན་ལག་གི་བཟོས་པ་ཡིན་ནམ
ས་རྡོ་ཡི་སེམས་ཁམས་ལ་བསིལ་གྲིབ་ཏུ་བབས་པ་ཡིན
ཉི་ཟླ་སྐར་གསུམ་གྱི་འོད་སྣང་རྒྱས་བྱེད་དུ་ཡོང་བ་ཡིན་ནམ
སྲོག་ཆགས་ཐམས་ཅད་ཀྱི་ངག་སྒོ་གྲགས་བྱེད་དུ་ཡོང་བ་ཡིན
1.7
རྩོམ་ཁུངས། ངེད་དྲ་བ།