བཞི་མདོ་ན་ཁྱོད་ཀྱི་ཅི་ཞིག་ལུས་ཡོད།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-07-31

              ༡
ཁྱོད་དང་འུ་གཉིས་ངོ་ཤེས་བ་ནི་ན་ནིང་དོ་ཚིགས་ཤིག་མ་རེད
ཁྱོད་བཞི་མདོ་དེ་ནས་ལངས་བའང་ཁ་སང་དེ་རང་ཞིག་ག་ལ་ཡིན
བཞི་མདོ་དེ་ན་ཁྱོད་ཀྱི་ཅི་ཞིག་ལུས་ཡོད
             ༢
ཁྱོད་ཀྱིས་བཞི་མདོ་ན་ལས་དབང་ཟེར་བའི་བུ་མོ་དེར་སྒུག་ཡོད་དམ
ཁྱོད་ཀྱིས་བཞི་མདོ་ན་གོ་སྐབས་ཟེར་བའི་རླངས་འཁོར་དེར་སྒུག་ཡོད་དམ
བཞི་མདོ་འདི་འདུ་འཛི་ཆེ
ཕྱོགས་བཞིར་བསྐྱོད་པའི་མི་དང་རླངས་འཁོར་མང་བས་འདུ་འཛི་ཆེ
ཉི་མའང་ནུབ་ལ་ཁད་རེད
ཁྱོད་ད་དུང་བཞི་མདོ་དེ་ན་གོམ་གང་ཡང་སྤོ་བའི་སྟ་གོན་མི་འདུག
བཞི་མདོ་དེ་ན་ཁྱོད་ཀྱི་ཅི་ཞིག་ལུས་ཡོད
              ༣
བཞི་མདོ་ནམ་ཡང་ལྷིང་འཇགས་མིན   ཡིན་ཡང
ལྷིང་འཇགས་མིན་པའི་བཞི་མདོ་ཡིས
ཀྲོང་ངེར་བཞི་མདོ་རུ་ལངས་ཡོད་པའི་ཁྱོད་ཀྱི་ལྷིང་འཇགས་དེ་དཀྲོགས་མ་ཐུབ
ཁྱོད་རང་ཕྱོགས་གང་ཞིག་ནས་འོངས་བ་ཡིན
ཁྱོད་རང་ཕྱོགས་གང་ཞིག་ལ་འགྲོ་དགོས་སམ
ལྷིང་འཇགས་པ   བཞི་མདོ་དེ་ན་ཁྱོད་ཀྱི་ཅི་ཞིག་ལུས་ཡོད
               ༤
ཁྱོད་རང་བཞི་མདོ་ནས་ལངས་ཡུན་རིང་བས་ཁ་ཕྱོགས་ནོར་སོང་ན་ཐང
ཁྱོད་རང་བཞི་མདོ་ནས་བསྡད་ཡུན་རིང་བས་སའང་རུབ་ན་ཐང
བཞི་མདོ་ནས་གོམ་གང་མདུན་དུ་སྤོས་ན་བཞི་མདོ་མིན
བཞི་མདོ་ནས་བསམ་གཞིགས་ཞིབ་མོ་བཏང་ན་རང་སེམས་ཀྱི་ཁ་ཕྱོགས་རྙེད་སྲིད
བཞི་མདོ་ནས་ཁྱོད་ཀྱིས་རང་གི་གློག་སྒྲོན་་གཟིམས་པས
ཁྱོད་ཀྱི་མཁའ་དབྱིངས་ལ་བཞི་མདོ་ནས་ས་རུབ་སོང
                  ༥
བཞི་མདོ་ན་ཤར་ལྷོ་ནུབ་བྱང་གི་ཁ་ཕྱོགས་གསལ་བོ་བྲིས་ཡོད
ཡིན་ཡང  ཁྱོད་ཀྱིས་བཞི་མདོ་ནས་རང་གི་ཁ་ཕྱོགས་བོར་ཡོད
བཞི་མདོ་ལ་གྲང་རླུང་ལྡང་ཡང་སྲིད
བཞི་མདོ་ནས་ཁྱོད་ལ་མིག་ཆུ་བཞུར་ཡང་སྲིད
                    ༦
ཉི་མ་ནུབ་ལ་ཁད་རེད
ཁྱོད་ཀྱིས་སྒུག་ཡོད་པའི་བུ་མོ་བུད་སོང་ན་ཐང
རླངས་འཁོར་ཡང་བུད་སོང་ན་ཐང
ཁྱོད་ད་དུང་བཞི་མདོ་ན་ཀྲོང་ངེར་ལངས་ཡོད
བཞི་མདོ་ན་ཁྱོད་ལ་ད་དུང་གོམ་གང་སྤོ་བའི་སྟ་གོན་མི་འདུག
                    ༧
བཞི་མདོ་ནས་གོམ་གང་མདུན་དུ་སྤོས་ན་བཞི་མདོ་རང་བཞི་མདོ་མིན
བསམ་གཞིགས་ཞིབ་མོ་རེ་བཏང་ན་རང་གི་ཁ་ཕྱོགས་རྙེད་སྲིད
བཞི་མདོ་ནས་ཁྱོད་ཀྱིས་གྲང་ངར་མྱོང་ཡང་སྲིད
བཞི་མདོ་ནས་ཁྱོད་ལ་ས་རུབ་ན་ཐང
བཞི་མདོ་ན་ཁྱོད་ཀྱི་ཅི་ཞིག་ལུས་ཡོད   
                                                                2011-6-2ཕྱི་དྲོ་ཤར་མར་སྦྱར།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཞི་མདོ་ན་ཁྱོད་ཀྱི་ཅི་ཞིག་ལུས་ཡོད།

2011-07-31 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།