འདྲེ་སྐད་གྲགས་པའི་ཁང་ཆུང་།

འཇིག་རྟེན་ལས་འདས་པའི་བདེ་བ་མང་པོ་ཞིག་རྣ་བས་ཐོས་པ་ལས་མྱོང་བྱར་མི་འགྱུར་ལ།
སྨྲ་བརྗོད་ལ་དབང་བའི་སྒྱུ་རྩལ་མང་པོ་ཞིག་ངག་གིས་ཁྲོལ་བ་ལས་ལུས་ཀྱིས་མི་འཁྱོང་བས།
ཡོད་ཚད་ནས་བདེ་བ་དང་མ་རྐང་ནས་སྔོན་ཐོན་ཏུ་བགྲོད་པའི་ལང་ཕྱོགས་ཅིག་ལས།
ཕྱིར་དྲན་གྱི་མིག་མདའ་འཕེན་ཤེས་མེད་པ། བསམ་གཞིག་གི་ལྡེ་མིག་བཀོད་ཤེས་མེད་པ།
འགྱོད་སེམས་དང་འཁང་རས་བསྐྲུན་པའི་ལོ་ཟླ་དུ་མ་ཞིག་མིག་གིས་མཐོང་ཡང་།
ལག་པས་འཇུས་ཀྱང་རྒྱང་དུ་བཞུད་སོང་བས།
དེ་རིང་ཡོད་པ་ནི་འགྲེལ་མི་ཤེས་པའི་དྲི་གཞི་མང་པོ་ཞིག་རེད།
ཐེག་ཆེན་མི་བུའི་སེམས་དཀྱིལ་གྱི་བདེ་བ་དམ་པ་གང་ཞིག་ལ་འཐིམས་སོང་།
ཐེག་དམན་མི་བུའི་དྲོད་འཁྱིལ་གྱི་མལ་ས་བདེ་བོ་སུ་ཞིག་གིས་གཏོར་སོང་།
མེ་ཡིས་བསྲེག་ས་ནས་དུ་བ་མི་འཕྱུར་ལ།  རླུང་གིས་ཁུར་ས་ནས་བྱེ་རྡུལ་མི་སྤུངས་བས་ངས་ཁྱོད་ལ་
བཤད་སྤྲོ་བ་ནི་བདག་གིས་ཅི་ཡང་མི་ཤེས་ཟེར་འདོད་པ་དེའོ། །   གནམ་སྔོན་པོས་ཁ་རོག་གེར་ངུ་ཤམ་གཏོང་ཀིན་ཡོད།
ས་ཡངས་པོས་དགོས་ལྷང་ངེར་ཧབ་ཆ་སློང་གིན་ཡོད།
གནམ་སྔོན་པོ་སུའི་ཆེད་དུ་ངུ་ཀིན་ཡོད།   ས་ཡངས་པོ་སུའི་མདུན་ནས་སྤྲོ་ཀིན་ཡོད།
རྩྭ་མེ་ཏོག་གིས་མགོ་ལྕོག་ལྡེམ་ས་ནས་མགོ་བོ་དགྱེས་ནས།
ཆུ་གཙང་བོ་ཡིས་གླུ་ངག་གཏོང་ས་ནས་ངལ་གསོ་བླངས་ཏེ།
མདུན་ལམ་གྱི་རྡོག་སྣེར་འཐམས་ཀྱང་།  དཔྱོད་ཤེས་ཀྱི་གོ་ཁྲབ་གྱོན་ཡང་།
མེས་པོའི་ངག་ནས་བཟློ་བའི་ལྷ་སྒྲུང་སྙན་མོ་དག་ད་དུང་བཤད་འཚམས་མི་འཇོག་པས།
ལག་སྙིམ་པ་སྙིང་ཁར་བཞག་ནས།  ལུས་རྩལ་དྲུག་དུང་ནས་སྤྲུགས་ཏེ།
དཔྱོད་ཤེས་ཀྱི་གད་རྒྱངས་རིང་མོ།  དོགས་སློང་གི་ངར་སྒྲ་མཐོན་པོ་ལན་གསུམ་བསྒྲགས་སོ།།
ཨ་ཧོ། ཧི་མ་ལ་ཡི་བྱང་རྒྱུད་ལ་འཚོ་བའི་གྲོག་མ་འདི་ཚོ་རང་དོན་གྱི་སླད་དུ་འདུར་ཀིན་ཡོད།
ལྟ་ལོག་པ། ཁྱོད་ལ་འདྲེ་བདུད་ཞུགས་འདུག གྲོག་མ་དག་དེ་འདྲ་མ་གསུངས།
                                            2011 5 22ཉིན་ཉག་ཆུ་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདྲེ་སྐད་གྲགས་པའི་ཁང་ཆུང་།

2011-07-28 སེར་རྡོག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།