ཆུ་བོ་ཡ་མུ་ནའི་འགྲམ་ངོགས་སུ་ངས་ཅི་ཞིག་དྲན་གྱིན་གདའ།

བྱ་དོར་ཕུན་ཚོགས་དབང་ཕྱུག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-07-27

དབྱར་ཟླ་བདུན་པའི་གྲོང་ཁྱེར་ལྡི་ལི་ནི།
ཚ་སྨུག་གིས་འཚུབ་མ་ལང་ལོང་དཀྲིགས་པའི་སྨིག་སྒྱུ་རབ་རིབ་དེ་ལགས་ན།
ལྷ་ས་ཟེར་བའི་གནམ་སའི་ཕ་རོལ་གྱི་གྲུ་ཁ་དེའང༌།
བཙན་གནོན་དང་སྨག་རུམ་ལྟེབས་མས་བཅུམ་པའི་མི་ཡུལ་གྱི་སྐྱིན་ཐང་ཆེ་ཤོས་དེ་ཡིན་འོས་སོ།

ས་སྲོད་ཀྱི་དུས་སུ་བསིལ་བ་སྤར་མོ་གང་གི་གདུང་སྣང་གིས།
ཁོ་བོ་གཅིག་པུ་ཆུ་བོ་ཡ་མུ་ནའི་འགྲམ་ངོགས་སུ་ཞི་འཇགས་ཀྱིས་ཆས་ཏེ།
ཡུན་རིང་ནས་ཡུན་རིང་བྲལ་བའི་ཕ་ཡུལ་གྱི་ནམ་མཁར་རྒྱང་བལྟ་བྱེད་ཞོར།
འཆམ་འཆམ་ལས་བཏུས་པའི་སྙན་ངག་གི་ཕོ་བྲང་ཞིག་བཞེངས་པར་བརྟས།

རླབས་ཀྱི་བཞུར་སྒྲ་ཙམ་མེད་པར་ཁུ་སིམ་སིམ་ངང་ནུར་བའི་ཆུ་ངོས་སུ།
འགྱིག་རྫས་དང་སྙིགས་རོ་དུ་མ་བྱ་རྒོད་ཀྱི་གཤོག་པ་ལྟར་ལྷེབ་ལྷེབ་ཏུ་འཕྱོ་ཞིང༌།
ཆུ་འགྲམ་རེ་འགར་ཀེང་རུས་དང་ཁྱི་རོའི་དྲི་ངན་ཁྲོད།
འབུ་ནག་དང་སྦྲང་འབུའི་རྔམ་སེམས་ཀྱི་ཟ་ཟི་སྔར་བས་ཆེ།

ལོ་རྒྱུས་ཀྱི་གཙང་བོ་ཞིག་དེ་ལྟར་གཉོམ་དུང་དུང་གིས་བཞུར་དགོས་ཨང༌།
དུས་རབས་ཀྱི་ཆུ་རྒྱུན་ཞིག་དེ་ལྟར་རྙོག་ཤིག་ཤིག་གིས་འབབ་དགོས་ཨང༌།
ཐ་ན་འདབ་ཆགས་ཀྱི་རྐང་རྗེས་ཤིག་ཀྱང་དབེན་པའི་ཆུ་བོའི་གཞུང་རྟ་གང་སར།
གཅེར་ཧྲེང་ཧྲེང་དུ་སྣང་བའི་མ་ཧེ་དག་གི་རོལ་འགྱུར་ཁོ་ན་ལས།
རང་བྱུང་གི་མཛེས་སྡུག་ཅི་ཡང་མེད་པར་སྟོང་ལྷང་ལྷང་གིས་བཞུར་གིན་གདའ།

སྐད་གཅིག་དེར་ངའི་བསམ་བློ།
རླུང་བུའི་ཟོལ་གྱིས་སྤྲིན་པ་ཞིག་གི་གཤོག་སྣེར་དམ་པོར་འཐམ་སྟེ།
རྩྭ་ཐང་དང་སྦྲ་ནག་གི་བྲང་གཞུང་དྲོན་མོར་བར་མཚམས་མེད་པར་ལྡིང༌།
ཚོད་ཚོད་ལ་ངའི་དྲན་པ།
ཁ་བའི་དོད་དུ་གངས་འདབས་ནས་གངས་འདབས་སུ་ཐེ་ཚོམ་མེད་པར་གྲིལ་གིན།
གཙང་བོ་དང་མཚེའུའི་མགུལ་ན་ཡང་ནས་ཡང་དུ་འཁྱུད་པར་བྱེད།

དེ་ལྟར་འཆར་སྣང་སྟུག་པོ་ཞིག་གི་ཀློང་རིམ་ལས་སད་སྐབས།
གཙང་བོར་སྔར་བཞིན་གསོན་ཤུགས་དང་གྲགས་འགུལ་གང་ཡང་མེད་པས།
ཟླ་བ་དང་སྐར་མའི་ཁྲེལ་དགོད་ཀྱི་འོག་ཏུ།
ང་ཁོ་ན། ཆུ་བོ་ཡ་མུ་ནའི་ལྗན་ལྗིན་གྱི་དོན་སྙིང་བཟློ་བའི་སྙན་ངག་པ་ཁེར་མ་དེ་ཡིན་སོང་ལ།
ང་ཁོ་ན། ཆུ་བོ་ཡ་མུ་ནའི་ཀྱ་ཀྱུ་ཡི་བརྙན་རིས་འདེབས་པའི་སྒྱུ་རྩལ་བ་ཆུང་ཆུང་དེ་ཡིན་སོང༌།

མཚམས་དེ་ནས་ཁོ་བོ་བསམ་དབང་དང་དྲན་དབང་ཡེ་ནས་མེད་པར།
ཡར་ཀླུང་དུ་འབོད་པའི་ལྗང་ནེམ་ནེམ་གྱི་ཡུལ་ལྗོངས་ཤིག་སེམས་པས་སྐྱོར་དགོས་བྱུང་ཞིང༌།
ཤམ་ཆུར་གྲགས་པའི་དྭངས་གཙང་གཙང་གི་བདུད་རྩི་ཞིག་ཀྱང་དྲན་པས་འཐུང་དགོས་བྱུང་སྟབས།
པུར་རྒྱལ་གྱི་མངའ་ཐང་དང་བཙན་པོའི་སྙིང་སྟོབས་ཀྱི་བ་དན་དཀར་བོ་དེ་ཡང༌།
རྨི་ལམ་དུ་འཚེར་བའི་ཕོ་བྲང་དམར་པོའི་རྒྱ་ཕིབས་སུ་རྟོགས་བཏགས་ཀྱིས་འགྲེངས་དགོས་བྱུང༌།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆུ་བོ་ཡ་མུ་ནའི་འགྲམ་ངོགས་སུ་ངས་ཅི་ཞིག་དྲན་གྱིན་གདའ།

2011-07-27 བྱ་དོར་ཕུན་ཚོགས་དབང་ཕྱུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།