ཤོག་ལྷེ་འདི་དག
ང་ལ་ཐད་དཀར་ལས་པའི་ཤོག་ལྷེ་འདི་དག
བུ་མོར་གཟས་ནས་བཟོས་པའི་བསླབ་བྱ་དེ་དག
གོང་མའི་གདོང་པ་འཁྲུ་བྱེད་ཀྱི་འདེགས་རྫས་རི་རབ་འདྲ་བ་དག
མདུན་ཅོག་སྟེང་བཀྲམས་ནས་ཡོད
སློབ་མ་ཚོའི་དཔེ་སྒྲོམ་དུ་བསྒྲིགས་ཏེ་བཤམས་ཡོད
ཞལ་ལྕེ་ཐོག་འདྲ་བ་དག་བཟོ་བྱེད
སེམས་པ་རྡོ་འདྲ་བ་དག་སྟོར་བྱེད
དད་པ་རྡོ་རྗེ་འདྲ་བ་ཞིག་བྱེད་འདི་དག
ཤོག་ལྷེ་ཟུར་མི་འདྲ་བ་འདི་དག
ཡིག་འབྲུ་གཉིས་ཀྱི་གསེང་དུ་འོད་ལམ་ལམ་བྱེད
ལག་པ་འཁྲུ་བྱེད་ཀྱི་དངོས་པོ་དེ་དག
གདོང་པར་བྱུགས་པའི་ཉིན་དང་མཚན་མོ
ཁྱོད་ལ་མཛེས་པར་སྒོམ་པའི་མི་ཚོགས
སྲ་གཟུགས་ངང་དུས་ཚོད་ག་ཙམ་དུ་གནས་སམ
ཤོག་ལྷེ་རྨ་ཆུ་འདྲ་བ་དེ
བཞུར་གྱིན་པའི་དེ་རིང
ཁྱོད་ཀྱི་བཞུར་སྒྲ་ལ་རྣ་བ་བླགས་པའི་ཁོང་ཚོ
འགྱུར་བའི་ཆོས་ཉིད་ཀྱིས་བསུབ་སྲིད
ཁྱོད་ཀྱི་ཚེ་སྲོག་ཞི་བདེའི་རྒྱ་མཚོ་དང་གྱེས་སྲིད
ཁྱོད་ཀྱི་བྱིས་པ་ཚོའི་སྐྲ་ལོ་སེར་པོར་འགྱུར་སྲིད
ཁྱོད་རང་ནུབ་ཀྱི་རླུང་འཚུབ་ཅིག་གིས་འདེད་སྲིད
ཤོག་ལྷེ་འདི་དག ཟླ་མཚན་གྱིས་དྲི་མས་གཡོག་སྲིད
༢༠༡༠ལོའི་ཟླ༥པའི་ཚེས༨དགོང་མོ་རང་ཤག་ཏུ་སྦྱར།
རྩོམ་ཁུངས། ངེད་དྲ་བ།