དོ་ནུབ་ཁྱེད་རང་གང་དུ་ཡོད།

སྙིང་གསོན་པོ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-07-20


དོ་ནུབ     སླར་ཡང་ཁེར་རྐྱང་དུ
མིག་ཆུས་ཐེངས་མང་བརླན་པའི་ལོ་ཟླའི་ཁྲོད
རྨ་ཁ་རྣག་ཡོད་པའི
སྙིང་གི་འཕར་ལྡིང་བཀླགས་ནས
སུ་ཞིག་གིས་མ་ཤི་གསོན་བྲལ་བྱས་སོང་བའི
ཁྱེད་རང་ཚོར་བའི་ཀློང་ན་འཚོལ་གྱིནཡོད
 
རྡོ་ཆག་བཙན་བསྒྲིགས་ཀྱི་གྲོང་ཁྱེར་འདིའི
གློ་དང་རྒྱུ་མའི་བར་དག་ན
རོ་ལང་བརྒྱབ་པ་ལྟ་བུའི་ཐོག་ཁང་གི་དཔུང་ཚོགས
འདོད་རྔམ་གྱི་གློག་མིག་བགྲད་པའི
རླངས་འཁོར་རུ་དཔུང་གི་ཧམ་རྒྱུག་དང་འོ་དོད་རིང་མོ
ཡོད་ཚད་ཀྱིས་ང་གཅིག་པུར
འཇིགས་རུང་གི་མདུན་ལྗོངས་ཤིག་བསྐྲུན་ཡོད་ནའང
ངས་ད་དུང     ཁྱེད་རང་འཚོལ་དགོས
རྒྱུ་མཚན་ནི     རྒྱུ་མཚན་ནི
མུན་པ་དང་ཉི་འོད་ལ་མི་དབང་བའི
ངའི་སེམས་ལྗོངས་འདི་ན
འུ་གཉིས་ལ་དབང་བའི་བདེ་བ་ཞིག་ཡོད་མྱོང་བས་རེད
 
དོ་ནུབ་ཁྱེད་རང་གང་དུ་ཡོད
གྲོང་ཁྱེར་འདིའི་མཁའ་མཐའ་ཡི
ཟླ་བ་ཕྱེད་ཙམ་དུ་འདུག་ལ
སྐར་མ་ཡང་རོ་ཙམ་དུ་ལུས་ཡོད་པས
འཇིགས་རུང་གི་ཡུལ་འདི
སྔར་བས་ཀྱང་འཇིགས་རུང་དུ་ཡོད
ཡིན་ན་ཡང     ངས་ད་དུང་ཁྱེད་རང་འཚོལ་གྱིན་ཡོད

 ད་ནམ་ཞིག་ལ
 རི་ཆུ་སྟོང་ཕྲག་གི་བར་ཐག
 ཉིན་ཞག་གྲངས་མེད་ཀྱི་མངོན་ལྐོག
 སྟོབས་ཤུགས་གང་ཞིག་གིས་བསུབ་ནས
 ཁྱེད་དང་མཉམ་དུ
 མནར་སྡུག་གི་རྨ་ཁ་གང་མང་ཞིག་ལ་ལྷན་པ་རྒྱག་ཐུབ་ན
 དོ་ནུབ་ལས་ལྷག་ལས་པའི་འཇིགས་སྣང
 ཁ་སང་ལས་ལྷག་པའི་སྡུག་བསྔལ
 ང་གང་ལའང་སེམས་ཚེགས་མེད
 
དོན་དངོས་སུ     ཁྱེད་རང་གང་དུ་ཡོད་ཨང
 དེ་སྔོན་འུ་གཉིས་བར་བགེགས་ཀྱིས་གཏོར་ནས་བཟུང
 ཁྱེད་ཀྱིས་མ་མཐོང་བའི་ངའི་བྱད་བཞིན
 ང་ཡིས་མ་མཐོང་བའི་ཁྱེད་ཀྱི་ཞལ་གཟུགས
 ཉིན་རེར་རྒས་འཁོགས་སུ་འགྱུར་བཞིན་ཡོད་ན་ཡང
 ཁྱེད་ཕྱོགས་སུ་བལྟས་པའི་མིག་མཐའི་མཆི་མ
 སྔར་བཞིན   བཀྲག་མདངས་འཚེར་བའི་དྭངས་གཙང་གི་ཆུ་ཐིགས་རྡོག་པོ་རེ་རེ་ཡིན
 
                                                ༢༠༡༡.༦.༡༩ལ་ལན་ཀྲུ་ནས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོ་ནུབ་ཁྱེད་རང་གང་དུ་ཡོད།

2011-07-20 སྙིང་གསོན་པོ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།


དོ་ནུབ     སླར་ཡང་ཁེར་རྐྱང་དུ
མིག་ཆུས་ཐེངས་མང་བརླན་པའི་ལོ་ཟླའི་ཁྲོད
རྨ་ཁ་རྣག་ཡོད་པའི
སྙིང་གི་འཕར་ལྡིང་བཀླགས་ནས
སུ་ཞིག་གིས་མ་ཤི་གསོན་བྲལ་བྱས་སོང་བའི
ཁྱེད་རང་ཚོར་བའི་ཀློང་ན་འཚོལ་གྱིནཡོད
 
རྡོ་ཆག་བཙན་བསྒྲིགས་ཀྱི་གྲོང་ཁྱེར་འདིའི
གློ་དང་རྒྱུ་མའི་བར་དག་ན
རོ་ལང་བརྒྱབ་པ་ལྟ་བུའི་ཐོག་ཁང་གི་དཔུང་ཚོགས
འདོད་རྔམ་གྱི་གློག་མིག་བགྲད་པའི
རླངས་འཁོར་རུ་དཔུང་གི་ཧམ་རྒྱུག་དང་འོ་དོད་རིང་མོ
ཡོད་ཚད་ཀྱིས་ང་གཅིག་པུར
འཇིགས་རུང་གི་མདུན་ལྗོངས་ཤིག་བསྐྲུན་ཡོད་ནའང
ངས་ད་དུང     ཁྱེད་རང་འཚོལ་དགོས
རྒྱུ་མཚན་ནི     རྒྱུ་མཚན་ནི
མུན་པ་དང་ཉི་འོད་ལ་མི་དབང་བའི
ངའི་སེམས་ལྗོངས་འདི་ན
འུ་གཉིས་ལ་དབང་བའི་བདེ་བ་ཞིག་ཡོད་མྱོང་བས་རེད
 
དོ་ནུབ་ཁྱེད་རང་གང་དུ་ཡོད
གྲོང་ཁྱེར་འདིའི་མཁའ་མཐའ་ཡི
ཟླ་བ་ཕྱེད་ཙམ་དུ་འདུག་ལ
སྐར་མ་ཡང་རོ་ཙམ་དུ་ལུས་ཡོད་པས
འཇིགས་རུང་གི་ཡུལ་འདི
སྔར་བས་ཀྱང་འཇིགས་རུང་དུ་ཡོད
ཡིན་ན་ཡང     ངས་ད་དུང་ཁྱེད་རང་འཚོལ་གྱིན་ཡོད

 ད་ནམ་ཞིག་ལ
 རི་ཆུ་སྟོང་ཕྲག་གི་བར་ཐག
 ཉིན་ཞག་གྲངས་མེད་ཀྱི་མངོན་ལྐོག
 སྟོབས་ཤུགས་གང་ཞིག་གིས་བསུབ་ནས
 ཁྱེད་དང་མཉམ་དུ
 མནར་སྡུག་གི་རྨ་ཁ་གང་མང་ཞིག་ལ་ལྷན་པ་རྒྱག་ཐུབ་ན
 དོ་ནུབ་ལས་ལྷག་ལས་པའི་འཇིགས་སྣང
 ཁ་སང་ལས་ལྷག་པའི་སྡུག་བསྔལ
 ང་གང་ལའང་སེམས་ཚེགས་མེད
 
དོན་དངོས་སུ     ཁྱེད་རང་གང་དུ་ཡོད་ཨང
 དེ་སྔོན་འུ་གཉིས་བར་བགེགས་ཀྱིས་གཏོར་ནས་བཟུང
 ཁྱེད་ཀྱིས་མ་མཐོང་བའི་ངའི་བྱད་བཞིན
 ང་ཡིས་མ་མཐོང་བའི་ཁྱེད་ཀྱི་ཞལ་གཟུགས
 ཉིན་རེར་རྒས་འཁོགས་སུ་འགྱུར་བཞིན་ཡོད་ན་ཡང
 ཁྱེད་ཕྱོགས་སུ་བལྟས་པའི་མིག་མཐའི་མཆི་མ
 སྔར་བཞིན   བཀྲག་མདངས་འཚེར་བའི་དྭངས་གཙང་གི་ཆུ་ཐིགས་རྡོག་པོ་རེ་རེ་ཡིན
 
                                                ༢༠༡༡.༦.༡༩ལ་ལན་ཀྲུ་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།