བསླུ་བྲིད་ཀྱི་སྡང་སེམས།

                           ༡
ཆུང་དུས་སུ་སྟོབས་ཀྱིས་འཕུར་ལྡིང་བྱེད་པའི་ཁང་བྱེའུ་ལ་ཅེར་ཏེ
རང་ཉིད་སྦྲང་ནག་ཅིག་ཡིན་པའི་སྣང་བ་འཆར
དགའ་སྐྱོ་ཉར་བའི་དགུན་ཁ་དང་འདྲ་བའི་འཚོ་བ་འདི
ཕྲ་འབུ་ཇི་བཞིན་ངའི་མིག་མདངས་ལ་རིམ་གྱིས་ཁྱབ་སྐབས
ངས་ད་བཟོད་རང་ཉིད་ལ་གཤོག་པ་མེད་པ་མཐོང
 
གཞན་མ་ཡིན་པར་ཁྱོད་ཀྱིས་ངའི་གཤོག་པ་རྐུས་སོང

ཡང་ན་ངས་ཁྱོད་ལ་རང་འགུལ་གྱིས་བྱིན་པ་ཡིན
 
 ངོ་མ་གླེང་ན་    ང་ལ་ནམ་མཁའི་རྐང་བ་དང་རང་དབང་མི་དགོས
ང་ལ་ཁྱོད་དང་འདྲ་བར་ངའི་རྣམ་ཤེས་དང་གླུ་སྐད་ཡོད་ན
ངས་འཁོར་བ་ཆུང་ཆུང་འདི་མེ་ལྕེ་བཞིན་དུ་སྦར་ན་ཆོག
ངས་རང་གི་སྨྲ་ལྕེ་འདི་རླུང་བུ་བཞིན་དུ་གཡུག་ན་ཆོག
ཁྱོད་ལ་སེམས་ཤིག་ཡོད་ན ང་ལ་ངའི་རྣམ་ཤེས་དེ་གནང་རོགས
 
ཁྱོད་ནི་ལྡོག་ཏུ་མེད་པའི་བསླུ་བྲིད་ཇི་བཞིན
ངའི་སེམས་ཀྱི་སྙིང་གཏམ་དང་དགོད་སྒྲ་བསླུས་སོང
ཁྱོད་ཀྱི་མཛེས་སྡུག་ལྷ་མོ་བཞིན་དུ་ཡག་ན་ཡང
ཁྱོད་ཀྱི་མཛེས་སྡུག་ངའི་སྙིང་གི་གཏིང་ལ་ཟུག་ན་ཡང
ཁྱོད་ནི་སྔར་བཞིན་ལྡོག་ཏུ་མེད་པའི་བསླུ་བྲིད་ཅིག་རེད
དེ་བས་ ངའི་རང་གི་རྣམ་ཤེས་དང་བང་སོ་ནམ་ཡང་ང་རང་ཉིད་ལ་དབང་འོས
         ༢
ཁྱོད་དང་འུ་གཉིས་ངང་བ་ཆ་གཅིག་འདྲ
ཁྱོད་ཀྱི་ཆེད་དུ་ངས་རང་གི་རྣམ་ཤེས་ཡང་བོར་སོང
ཁྱོད་ཀྱི་ཆེད་དུ་ངས་རང་གི་སྐྱབས་གནས་ཡང་དོར་སོང
ཁྱོད་ཀྱི་ཆེད་དུ་ངས་ཅི་ཡང་བསྒྲུབས་སོང
བསྒྲུབས་སོང་བའི་མཐའ་མར་ཁྱོད་ནི་བསླུ་བྲིད་ཅིག
དེ་བས་ང་ཁྱོད་ལ་ཧ་ཅང་སྡང
 
ང་ནི་ངང་བ་དང་ཁྱོད་ནི་བྱ་ཁྲ་འདྲ
དེ་བས་ང་ཁྱོད་ལ་ཧ་ཅང་སྡང
                    ༢༠༡༡.༦.༢༩

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསླུ་བྲིད་ཀྱི་སྡང་སེམས།

2011-07-15 གདུ་བུ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

                           ༡
ཆུང་དུས་སུ་སྟོབས་ཀྱིས་འཕུར་ལྡིང་བྱེད་པའི་ཁང་བྱེའུ་ལ་ཅེར་ཏེ
རང་ཉིད་སྦྲང་ནག་ཅིག་ཡིན་པའི་སྣང་བ་འཆར
དགའ་སྐྱོ་ཉར་བའི་དགུན་ཁ་དང་འདྲ་བའི་འཚོ་བ་འདི
ཕྲ་འབུ་ཇི་བཞིན་ངའི་མིག་མདངས་ལ་རིམ་གྱིས་ཁྱབ་སྐབས
ངས་ད་བཟོད་རང་ཉིད་ལ་གཤོག་པ་མེད་པ་མཐོང
 
གཞན་མ་ཡིན་པར་ཁྱོད་ཀྱིས་ངའི་གཤོག་པ་རྐུས་སོང

ཡང་ན་ངས་ཁྱོད་ལ་རང་འགུལ་གྱིས་བྱིན་པ་ཡིན
 
 ངོ་མ་གླེང་ན་    ང་ལ་ནམ་མཁའི་རྐང་བ་དང་རང་དབང་མི་དགོས
ང་ལ་ཁྱོད་དང་འདྲ་བར་ངའི་རྣམ་ཤེས་དང་གླུ་སྐད་ཡོད་ན
ངས་འཁོར་བ་ཆུང་ཆུང་འདི་མེ་ལྕེ་བཞིན་དུ་སྦར་ན་ཆོག
ངས་རང་གི་སྨྲ་ལྕེ་འདི་རླུང་བུ་བཞིན་དུ་གཡུག་ན་ཆོག
ཁྱོད་ལ་སེམས་ཤིག་ཡོད་ན ང་ལ་ངའི་རྣམ་ཤེས་དེ་གནང་རོགས
 
ཁྱོད་ནི་ལྡོག་ཏུ་མེད་པའི་བསླུ་བྲིད་ཇི་བཞིན
ངའི་སེམས་ཀྱི་སྙིང་གཏམ་དང་དགོད་སྒྲ་བསླུས་སོང
ཁྱོད་ཀྱི་མཛེས་སྡུག་ལྷ་མོ་བཞིན་དུ་ཡག་ན་ཡང
ཁྱོད་ཀྱི་མཛེས་སྡུག་ངའི་སྙིང་གི་གཏིང་ལ་ཟུག་ན་ཡང
ཁྱོད་ནི་སྔར་བཞིན་ལྡོག་ཏུ་མེད་པའི་བསླུ་བྲིད་ཅིག་རེད
དེ་བས་ ངའི་རང་གི་རྣམ་ཤེས་དང་བང་སོ་ནམ་ཡང་ང་རང་ཉིད་ལ་དབང་འོས
         ༢
ཁྱོད་དང་འུ་གཉིས་ངང་བ་ཆ་གཅིག་འདྲ
ཁྱོད་ཀྱི་ཆེད་དུ་ངས་རང་གི་རྣམ་ཤེས་ཡང་བོར་སོང
ཁྱོད་ཀྱི་ཆེད་དུ་ངས་རང་གི་སྐྱབས་གནས་ཡང་དོར་སོང
ཁྱོད་ཀྱི་ཆེད་དུ་ངས་ཅི་ཡང་བསྒྲུབས་སོང
བསྒྲུབས་སོང་བའི་མཐའ་མར་ཁྱོད་ནི་བསླུ་བྲིད་ཅིག
དེ་བས་ང་ཁྱོད་ལ་ཧ་ཅང་སྡང
 
ང་ནི་ངང་བ་དང་ཁྱོད་ནི་བྱ་ཁྲ་འདྲ
དེ་བས་ང་ཁྱོད་ལ་ཧ་ཅང་སྡང
                    ༢༠༡༡.༦.༢༩

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།