སེམས་ཚོར་ནི་འདི་འདྲ།


འདི་ནི་འཇའ་ཟེར་ཞིག་གི་ཡས་སྣེ་ཡིན་འདྲ།།
འདི་ནི་འཇའ་ཟེར་ཞིག་གི་མས་སྣེ་ཡིན་འདྲ།
སློང་སློང་གཙང་བོའི་ཀློང་ནས་ཆད་དེ་ཡོང་འདྲ།
དཀར་ཟིལ་ཆིལ་བ་ཞིག་གི་ངོ་བོ་ཡིན་འདྲ།།

གནམ་ས་གཅིག་ཏུ་བསྣོལ་བའི་མཐའ་མཚམས་དེ་ན།།
སྒྲོན་མེ་སྙིམ་པར་བཏེགས་པའི་ཁྱེད་རང་ཡོད་སྐད།།
སེམས་གདུང་ལུས་པོར་བཅོལ་བའི་མི་ཡི་རིགས་ལ།།
སྙིང་གི་གྲོགས་ཁྱེད་ཡོད་ནོ་བསོད་ནམས་ཆེན་པོ།།

དེ་རིང་སྲིད་པའི་ལྷ་མོའི་ཕྱག་ཟུང་དྲན་བྱུང་།།
དེ་རིང་དགུ་ཚིགས་མཁའ་ཡི་ཟླ་གཞོན་དྲན་བྱུང་།།
སྙིང་ལ་རབ་ཏུ་སོང་བའི་བྱམས་པ་དྲན་བྱུང་།།
སྔོན་སྨོན་ལས་ཀྱིས་འབྲེལ་བའི་ཡིད་མཐུན་དྲན་བྱུང་།།

ང་ནི་འཇག་རྩྭ་ཞིག་གི་ཟླ་བོ་ཡིན་རེ།།
ང་ནི་རླབས་རྒྱུན་ཞིོག་གི་ཆ་ཤས་ཡིན་རེ།།
ངེས་གཏན་ཁྱོན་ནས་མེད་པའི་འཁོར་བ་འདི་ལ།།
བརྩེ་གདུང་དབྱིངས་ནས་འགུག་པ་གཅིག་གཅིག་གཉིས་གཉིས།།

དྲན་པའི་ཡིད་མཁར་སྨུག་པོ་གཉོམ་ཞིང་དུངས་པ།།
སྣང་བའི་རྒྱལ་ཁམས་འདི་ལ་ང་རང་མི་དགོས།།
ས་ཆའི་གོ་ལ་འདི་ཡི་གས་སྲུབ་ཞིག་ན༎
གཞོན་ཆུང་ང་ལ་དབང་བའི་སྟེགས་ཤིག་ཡོད་དམ།།

མ་ལོའི་ཕྱག་མཐིལ་དྲན་མོའི་སྟོང་ཉིད་དཀར་བོ།།
རྩ་དང་ཚོར་བ་བརྒྱུད་ནས་གང་སར་ཁྱབ་སོང་།།
དབུ་མའི་རྟ་རྒོད་རྒྱུགས་སའི་ཐང་ཆེན་དག་ལ།།
ང་རེ་འགྲོ་བའི་དགོས་པ་མེད་དོ་སྙམ་མོ།།

གདོད་མའི་རྒྱལ་ཁམས་ཞིག་གི་ནང་བརྙན་མངོན་བྱུང་།།
མཆོག་གི་བུ་དང་བུ་མོའི་དགའ་བདེ་མཐོང་བྱུང་།།
རླུང་དང་རླུང་གི་བཞོན་པའི་སྲོག་དབུག་བརྒྱུད་དེ།།
རྩ་མདུད་ཁྲེགས་གེར་ཆོད་པའི་རྟེན་འབྲེལ་ཡོད་དོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཚོར་ནི་འདི་འདྲ།

2011-07-14 གཉུག༼མགོ་ལོག༽ ཀློག་གྲངས། མཆན ཡོད།


འདི་ནི་འཇའ་ཟེར་ཞིག་གི་ཡས་སྣེ་ཡིན་འདྲ།།
འདི་ནི་འཇའ་ཟེར་ཞིག་གི་མས་སྣེ་ཡིན་འདྲ།
སློང་སློང་གཙང་བོའི་ཀློང་ནས་ཆད་དེ་ཡོང་འདྲ།
དཀར་ཟིལ་ཆིལ་བ་ཞིག་གི་ངོ་བོ་ཡིན་འདྲ།།

གནམ་ས་གཅིག་ཏུ་བསྣོལ་བའི་མཐའ་མཚམས་དེ་ན།།
སྒྲོན་མེ་སྙིམ་པར་བཏེགས་པའི་ཁྱེད་རང་ཡོད་སྐད།།
སེམས་གདུང་ལུས་པོར་བཅོལ་བའི་མི་ཡི་རིགས་ལ།།
སྙིང་གི་གྲོགས་ཁྱེད་ཡོད་ནོ་བསོད་ནམས་ཆེན་པོ།།

དེ་རིང་སྲིད་པའི་ལྷ་མོའི་ཕྱག་ཟུང་དྲན་བྱུང་།།
དེ་རིང་དགུ་ཚིགས་མཁའ་ཡི་ཟླ་གཞོན་དྲན་བྱུང་།།
སྙིང་ལ་རབ་ཏུ་སོང་བའི་བྱམས་པ་དྲན་བྱུང་།།
སྔོན་སྨོན་ལས་ཀྱིས་འབྲེལ་བའི་ཡིད་མཐུན་དྲན་བྱུང་།།

ང་ནི་འཇག་རྩྭ་ཞིག་གི་ཟླ་བོ་ཡིན་རེ།།
ང་ནི་རླབས་རྒྱུན་ཞིོག་གི་ཆ་ཤས་ཡིན་རེ།།
ངེས་གཏན་ཁྱོན་ནས་མེད་པའི་འཁོར་བ་འདི་ལ།།
བརྩེ་གདུང་དབྱིངས་ནས་འགུག་པ་གཅིག་གཅིག་གཉིས་གཉིས།།

དྲན་པའི་ཡིད་མཁར་སྨུག་པོ་གཉོམ་ཞིང་དུངས་པ།།
སྣང་བའི་རྒྱལ་ཁམས་འདི་ལ་ང་རང་མི་དགོས།།
ས་ཆའི་གོ་ལ་འདི་ཡི་གས་སྲུབ་ཞིག་ན༎
གཞོན་ཆུང་ང་ལ་དབང་བའི་སྟེགས་ཤིག་ཡོད་དམ།།

མ་ལོའི་ཕྱག་མཐིལ་དྲན་མོའི་སྟོང་ཉིད་དཀར་བོ།།
རྩ་དང་ཚོར་བ་བརྒྱུད་ནས་གང་སར་ཁྱབ་སོང་།།
དབུ་མའི་རྟ་རྒོད་རྒྱུགས་སའི་ཐང་ཆེན་དག་ལ།།
ང་རེ་འགྲོ་བའི་དགོས་པ་མེད་དོ་སྙམ་མོ།།

གདོད་མའི་རྒྱལ་ཁམས་ཞིག་གི་ནང་བརྙན་མངོན་བྱུང་།།
མཆོག་གི་བུ་དང་བུ་མོའི་དགའ་བདེ་མཐོང་བྱུང་།།
རླུང་དང་རླུང་གི་བཞོན་པའི་སྲོག་དབུག་བརྒྱུད་དེ།།
རྩ་མདུད་ཁྲེགས་གེར་ཆོད་པའི་རྟེན་འབྲེལ་ཡོད་དོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།