གྱེས་གདུང་།

ཉི་ཟླའི་རྣ་ལོང་ལ་གསེར་ནག་གི་མཛེས་སྡུག་འཕྲོ་བའི
ཆེས་ཐོག་མའི་སེམས་ཀྱི་མངའ་ཐང་འདི
དེ་རིང་མི་ཆུང་སུ་ཞིག་གི་སྙིང་ཁྲག་གི་བཞུར་རྒྱུན་གཏོར་སའི་
ཕ་ཡུལ་དང་ཕ་ཡུལ་གྱི་ཉེ་མི་ཚོའི་སྙེས་འགྲམ་ནས
གཉོམ་ཞིང་དུང་བའི་རྫི་གླུ་ཞིག་གི་ཚབ་དུ
རང་དབང་གི་བརྩེ་བའི་གཤོག་ཟུང་བྲག་ལ་བརྡབས་འདོད
གལ་ཏེ  བདག་ར་བཟི་བ་ཞིག་གི་དོད་དུ
རང་བྱུང་གི་མགྲིན་ལམ་ན་ལྷོག་ལྷོག་འཕྱོ་བའི
བརྩེ་བའི་མེ་ཏོག་རེ་རེ་ལ    དྲན་གདུང་གི་མཆི་མ་གྲངས་མེད་ཀྱི
བསིལ་ཆུ་སྦྱིན་དུས   དུས་ཚིགས་འདི་ནི་མགྲོན་པོ་གང་མང་ཞིག
བཞུད་སོང་བའི་ས་སྲོད་ཅིག་གམ     ཡང་ན
ཡབ་མེས་གང་ཞིག་གི་རེ་ཐག་མ་འགྲུབ་པའི་ཞོགས་པ་ཞིག་ཀྱང་ཡིན་སྲིད
 
རེད་དེ  ས་ཆེན་གྱི་གཡོ་འགུལ་གྱིས་དཀྲོགས་པའི་ཆོ་རེ་ལྷང་ལྷང་གི
རོལ་དབྱངས་ཏེ   སྦྲ་ནག་དང་ལུག་ཁྱུའི་རྨི་ལམ་ལ་འཁོར་བའི
ཨ་མའི་ནུ་རིན་ཡིན་པས  ངས་མགོ་བོ་དགྱེ་དགྱེ་ངང
ཤ་ཁྲག་གི་ཟུངས་བཅུད་ཉམས་པའི་རང་ཉིད་ལ་འགྱོད་བཤགས་ལོས་བྱ
 
དེ་རིང   ཉི་ཟླ་དང་ཆེས་བའི་ཉེ་བའི་གནའ་གྲོང་ཞིག་དྲན་དྲགས་པས
ཆང་དང་བུད་མེད་ཀྱི་མཛའ་དུང་མོད་པའི
འཕྲུལ་འཁོར་དང་འཕྲུལ་འཁོར་གྱི་སྐྱེན་འགྱུར་རྒོད་པའི
གྲོང་ཁྱོར་འདིའི་ངོ་གདོང་དག་མཐོང་ཡོང་དུས
ད་གཟོད    ང་ལ་ཁེར་རྐྱང་གི་དམིགས་འབེན་ཞིག་ལས
མེད་པ་རྟོགས་ངེས་ཤིང    དམིགས་འབེན་དེ་ནི
མེ་ཏོག་དང་ས་རྡོས་རྩེད་ཁང་བསྐྲུན་མྱོང་བའི
བྱིས་དུས་ཀྱི་རྨི་ལམ་དག་དང་ཇི་འདྲའི་མཚུངས་ཨང
 
རྩོམ་པ་པོ་ཞིག་གི་སྨྱུག་རྩེ་ན་འཕྱོ་བའི་ཐ་སྙད་ཀྱི་རལ་གྲི་རེ་རེ་ནི
སུ་ཞིག་ལ་རྒོད་ལེན་སྤྲོད་པའི་ཆར་གཞི་མ་ཡིན་ཀྱང
བདེན་ལུགས་དང་ཨུ་ཚུགས་ཀྱི་གསེར་ཁྲབ་གྱོན་པའི
བྱིས་བློ་ལྟ་བུའི་སྤྱོད་ལུགས་རེ་རེ
ཆེས་དྭངས་གཙང་དང་རིན་བྲལ་གྱི་ཆ་དེ་ཡིན་པས
ང་རང་སུ་ཞིག་གི་ཉེ་འགྲམ་ན་འཚོ་བའི
སེམས་ཐག་ཆེས་རིང་བའི
མི་དེ་ཡིན་པ་མ་བརྗེད་ཅིག
མ་བརྗེད་ཅིག
 
             2011.6.25
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྱེས་གདུང་།

2011-07-13 ཏཱ་ནི་སྨྱུ་གུ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།