རྨི་ལམ་གྱི་སྟོབས་ཤུགས།


ཁ་བ་དལ་ཅག་གེར་འབབ་པའི་ཉིན་མཚན་དུ།     
ངའི་མིག་གི་མཐོང་ལམ་བསྒྲིབས་མཁན་ནི།
ཁ་བཏགས་ཀྱི་སྣེ་མོར་གློ་བུར་བབ་པའི་དབུལ་ཕོངས་ཀྱི་ཡིག་འབྲུ་དེ་ཡིན།   
གཙང་པོ་དལ་ཅག་གེར་བཞུར་པའི་ཉིན་མཚན་དུ།
ངའི་རྣ་བའི་རྒྱུ་ལམ་འགོག་མཁན་ནི།  
རི་རབ་ཀྱི་རྩེ་མོ་ནས་སྐད་ཅིག་འབུད་པའི་གཉོམ་ཆུང་གི་རྫི་གླུ་དེ་ཡིན།
མདོར་ན་དེ་དག་ནི་ངའི་སེམས་ཀྱི་ཆོས་ཉིད་བཤིག་མཁན་རྐྱང་རྐྱང་ཡིན་སྟབས།
བྱིས་པ་དང་འདྲ་བར་ང་རང་མགྱོགས་པོར་གཉིད་དུ་འཇུག་རོགས།  
རྨི་ལམ་ནི་ང་ལ་མཚོན་ན་ཆེས་རང་དབང་གི་འཇིག་རྟེན་ཞིག
 རྨི་ལམ་གྱི་ངོ་གདོང་ཧ་ཅང་གསལ་ཐག་ཆོད་པ་ནི།  
                 
ངའི་རྨི་ལམ་གྱི་སྒོ་མོར་འཛུལ་ཆོག་པའི་བྱང་བུ་ཡིན་པ་འདྲ།
རྨི་ལམ་གྱི་ཡུལ་ལྗོངས་ཧྲིལ་བོ་མཁའ་དབུགས་གཙང་ཞིང་།    ཁོད་ཡངས་པོ་ལྡན་པས།
རྒྱུས་མེད་ཀྱི་མགྲོན་པོ་དག་ཡུན་གྱིས་བཅར་ལ།  རང་དབང་གི་འཇིག་རྟེན་ལ་ཟང་ཟིང་བཟོས་བཞིན་པ་མཐོང་།
ངའི་རྨི་ལམ་གྱི་རྒྱབ་ལྗོངས་ཧ་ཅང་ཐག་རིང་པ་དང་།    ཀྱག་ཀྱོག་ལྡན་པ་ཞིག་ཡིན་སྟབས།
མཚན་གང་བོར་ངས་གཉེན་ཉེ་ངང་གྲོགས་པོ་ཚོ་མ་ཐོན་པར་རེ་སྒུག་བྱས་བསྡད།
དོ་དགོང་།   གངས་རི་དང་གཙང་པོ།    མུ་མེད་ཀྱི་རྩྭ་ཐང་།བཅས་ང་གཅིག་པུར་དབང་བས།
ད་ནི་ཤེས་རབ་དང་བརྩོན་འགྲུས་ལྡན་པ་སོགས།       
 མདོར་ན་ངས་དྲིན་ཅན་གྱི་སྐྱེས་ཆེན་དག་བོས་ནས་གསོལ་སྟོན་ཞིག་བཤམས་ན་འོས།   
                                             2011 ལོའི་ཟླ་6 པའི་ཚེས་12ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་གྱི་སྟོབས་ཤུགས།

2011-07-12 ན་ཆུང་རྡོ་བྷེ། ཀློག་གྲངས། མཆན ཡོད།


ཁ་བ་དལ་ཅག་གེར་འབབ་པའི་ཉིན་མཚན་དུ།     
ངའི་མིག་གི་མཐོང་ལམ་བསྒྲིབས་མཁན་ནི།
ཁ་བཏགས་ཀྱི་སྣེ་མོར་གློ་བུར་བབ་པའི་དབུལ་ཕོངས་ཀྱི་ཡིག་འབྲུ་དེ་ཡིན།   
གཙང་པོ་དལ་ཅག་གེར་བཞུར་པའི་ཉིན་མཚན་དུ།
ངའི་རྣ་བའི་རྒྱུ་ལམ་འགོག་མཁན་ནི།  
རི་རབ་ཀྱི་རྩེ་མོ་ནས་སྐད་ཅིག་འབུད་པའི་གཉོམ་ཆུང་གི་རྫི་གླུ་དེ་ཡིན།
མདོར་ན་དེ་དག་ནི་ངའི་སེམས་ཀྱི་ཆོས་ཉིད་བཤིག་མཁན་རྐྱང་རྐྱང་ཡིན་སྟབས།
བྱིས་པ་དང་འདྲ་བར་ང་རང་མགྱོགས་པོར་གཉིད་དུ་འཇུག་རོགས།  
རྨི་ལམ་ནི་ང་ལ་མཚོན་ན་ཆེས་རང་དབང་གི་འཇིག་རྟེན་ཞིག
 རྨི་ལམ་གྱི་ངོ་གདོང་ཧ་ཅང་གསལ་ཐག་ཆོད་པ་ནི།  
                 
ངའི་རྨི་ལམ་གྱི་སྒོ་མོར་འཛུལ་ཆོག་པའི་བྱང་བུ་ཡིན་པ་འདྲ།
རྨི་ལམ་གྱི་ཡུལ་ལྗོངས་ཧྲིལ་བོ་མཁའ་དབུགས་གཙང་ཞིང་།    ཁོད་ཡངས་པོ་ལྡན་པས།
རྒྱུས་མེད་ཀྱི་མགྲོན་པོ་དག་ཡུན་གྱིས་བཅར་ལ།  རང་དབང་གི་འཇིག་རྟེན་ལ་ཟང་ཟིང་བཟོས་བཞིན་པ་མཐོང་།
ངའི་རྨི་ལམ་གྱི་རྒྱབ་ལྗོངས་ཧ་ཅང་ཐག་རིང་པ་དང་།    ཀྱག་ཀྱོག་ལྡན་པ་ཞིག་ཡིན་སྟབས།
མཚན་གང་བོར་ངས་གཉེན་ཉེ་ངང་གྲོགས་པོ་ཚོ་མ་ཐོན་པར་རེ་སྒུག་བྱས་བསྡད།
དོ་དགོང་།   གངས་རི་དང་གཙང་པོ།    མུ་མེད་ཀྱི་རྩྭ་ཐང་།བཅས་ང་གཅིག་པུར་དབང་བས།
ད་ནི་ཤེས་རབ་དང་བརྩོན་འགྲུས་ལྡན་པ་སོགས།       
 མདོར་ན་ངས་དྲིན་ཅན་གྱི་སྐྱེས་ཆེན་དག་བོས་ནས་གསོལ་སྟོན་ཞིག་བཤམས་ན་འོས།   
                                             2011 ལོའི་ཟླ་6 པའི་ཚེས་12ལ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།