རྙིད་ལ་ཉེ་བའི་རོལ་མོ།

   ༡
མལ་ལས་སད་པའི་སྐྱ་རེངས་དེས
ཁོ་བོའི་མིག་སྒོ་ག་ལེར་ཕྱེ་བ་དང་མཉམ་དུ
ཁུར་མི་འདོད་པའི་རྡོག་ཁྲེས་ལྗིད་པོ་ཞིག་བསུས་ཏེ་ཐོན་ཐལ

རྡོག་ཁྲེས་དེ    ཨ་ཞང་ཚང་གི་རྔ་མར་ཤུགས་ཀྱིས་འཐམ་མཁན་ཞིག
རྡོག་ཁྲེས་དེ    ཁུ་ཁྲག་གིས་བཅས་པ་ལ་སྙིང་རྗེ་ཡེ་ནས་དོར་མཁན་ཞིག
རྡོག་ཁྲེས་དེ    ཆེན་པོ་ཚོའི་གདོང་ལ་མཛུབ་ཀུ་ཅུང་ཙམ་བཙུགས་པའི་རྣམ་སྨིན་ཞིག
རྡོག་ཁྲེས་དེ    ཆུང་ངུ་ཚོའི་མགོ་ལ་འཕྲུལ་ཞྭ་དགུ་བརྩེགས་སྐོན་པའི་མྱི་སྐད་ཅིག

དེ་དུས    དེ་ཡི་དུས་སུ
ཁ་སང་གི་དཔུང་ཤུགས་དེ་དག
ཕ་གིའི་ཉག་ག་གན་གྱི་ན་བུན་ཇི་བཞིན་ཡལ་སོང
                ༢
འཇིག་རྟེན་ལ་སྡིགས་མཛུབ་ཀེར་བའི་སྲིན་པོ་ཁྱུ་ཁྱུ་དང་གྱེས་ཏེ
ཀྱག་ཀྱོག་འཕྲེད་དུ་རྡུམ་པའི་རྐང་མགོར་འཇུས་ནས་སྒུལ་རུང
ཁྱོད་མ་འགུལ་ཟེར་མཁན་ཞིག་ལས    འགུལ་ཟེར་མཁན་དེ་སུ་ཡིན་ནམ
ཡིན་ནའང    ལོ་རྒྱུས་ཀྱི་དབུ་ཁྱུད་གུག་མོ་ནས་བཟུང་སྟེ་བཤད་ན

མགོ་ཐོག་ལ་ཤེད་ཀྱིས་རྡུང་པའི་ཐུ་ལུམ་འཕྱར་བ་པོ་དེའང
མེ་རོ་རླུང་གིས་ཟོས་པའི་དུར་ཤུལ་ནས་རྙེད་པའི་བེམ་པོ་ཙམ་ལས
ང་འདི་དང་འདྲའོ་ཟེར་སྤོབས་མཁན་གྱི་སྙིང་ཤ་རིལ་བོ་གཅིག་ཀྱང་རྙེད་མ་སོང

ཐ་ན    ཉོས་ན་རིན་པའི་ཡིག་འབྲུ་རྡོག་གཅིག་གི་ཚེ་སྲོག་ཀྱང་རྙེད་མ་སོང
             ༣
མཚམས་མཚམས་སུ
ལོ་མ་ནེམ་མོའི་གདོང་ལ་ཆག་ཆག་ཏུ་བཏབ་པའི་ཁ་ལུད་ནུར་མོ
རྙིད་ལ་ཉེ་བའི་སྡོང་བོ་དེའི་འགྲམ་ངོས་སུ་ག་ལེར་འགྲིལ་དུས
བྱེའུ་སྡོང་གཙགས་ཇི་བཞིན་མཆུ་ཏོ་ཚོད་ཚོད་དུ་བཙུགས་ཤིང
བདག་གིས་ཀྱང   ཡན་ལག་ལྷུག་ལྷུག་ཏུ་འདར་བར་བྱས་ཏེ
སྡོང་བོ་ལ་སྡོང་བོའི་ཐོབ་ཐང་ཡོད་ཅེས་རོལ་མོ་དང་ལྷོངས་སུ་སྒྲོག་པར་སྙམ

གལ་ཏེ   བོད་སྐད་ཀྱི་སྙན་ངག་གྱེར་སའི་སྟེགས་བུ་ཆུང་ཆུང་ཞིག་ཕིབས་ན
སྔ་མོ་ནས་འགྲམ་ཤ་མཐེབ་ཀྱིས་བཙུར་ཞིང   སྨྲ་ལྕེ་ཁྲུ་གང་བསྣར་ཏེ
འཁྱོག་པོར་གཤེ་བའི་སྙན་ངག་ཐུང་ཐུང་ཞིག་གྱེར་ན་འདོད་ཡོད

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྙིད་ལ་ཉེ་བའི་རོལ་མོ།

2011-07-09 འོད་འཛིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།