འགལ་འདུའི་ཕུང་པོ།

སྟག་རིག་འབྲུག་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-07-09


རང་དབང་བརྩེ་དུང་ཟབ་མོའི་བཤུལ་ལམ་དེ་སྙེག་ན།།
ཕ་མའི་བཀའ་ཁྲིམས་བཙན་པོའི་དགོངས་པ་ལ་འགལ་འགྲོ།།
བཙན་སྒྲིག་འཕྲང་ལམ་རིང་མོའི་གནས་ཡུལ་དུ་བརྫངས་ཚེ།།
སྐྱོ་བའི་སྡུག་གི་མུན་པ་དགུ་བརྩེགས་ལས་མི་འདུག།

ཤ་ཚ་སྙིང་ཉེའི་ཚུལ་དུ་དབྱུག་པ་རེ་འཕྱར་ན།།
གཅེས་ལང་བུ་ཆུང་ཚེ་བྷའི་སེམས་ངོ་རུ་གནོད་འགྲོ།།
ཅི་འདོད་གང་འདོད་རང་དབང་རྒྱ་ཡན་དུ་བཏང་ཚེ།།
ནམ་ཞིག་ཐ་ཤལ་བུ་རུལ་མཚང་མིང་ལས་མི་ཐོབ།།

ཉིན་མཚན་རེས་མོས་སློབ་ཁྲིད་ཟུར་ཁྲིད་ལ་རེམ་ན།།
དེང་རབས་ན་ཆུང་སློབ་མར་སུན་སྣང་དེ་བསྣན་འགྲོ།།
ཕུགས་མེད་སློབ་སྟོན་ཐུན་གྲངས་ཕུད་ཐབས་ཙམ་བྱས་ཚེ།།
མཇུག་མཐའི་རྒྱལ་ཁ་ཟེར་བའི་ཆོ་ལོ་དེ་མི་དབང༌།།

དམངས་ལ་ཕན་པའི་རེ་ཞུའི་ཡིག་འཕྲིན་ཅིག་ཕུལ་ན།།
གོང་ལ་རྒོལ་བའི་རྒྱབ་འགལ་ཉེས་དམིགས་སུ་གྲུབ་འགྲོ།།
འཕེལ་མེད་སོར་གནས་རྗེས་ལུས་རྣམ་ཐར་དེ་བསྐྱངས་ཚེ།།
ནམ་ཡང་དབུལ་ལས་ཐར་བའི་གོ་སྐབས་རང་མི་འདུག།

རྟ་བདུན་དབང་བོའི་འོད་སྣང་ཕྱོགས་བརྒྱ་རུ་འཕྲོས་ན།།
ལྟས་ངན་གཏོང་མཁས་ཁེར་བགྲོད་སྲིན་བྱ་ཉིད་བསྐྲད་འགྲོ།།་
མཚན་མོའི་མུན་ནག་སྨག་གི་འཇབ་རྒོལ་དེ་བརྐྱངས་ཚེ།།
སྐྱེ་དངོས་སྲོག་ལྡན་ཚོགས་ལ་སྡུག་བསྔལ་ལས་མི་འཇོན།།

སྨྱུ་གུའི་འགྲོས་ཀྱིས་ཚུལ་མིན་བྱ་ལས་དེ་སྤྲུག་ན།།
བདག་པོ་ཇི་སྙེད་ཅིག་གི་དབང་ཐང་ལ་འཚེ་འགྲོ།།
ཟོལ་བཅོས་བསྟོད་པའི་ཚིག་གི་ཕྲེང་བ་དེ་གཏོར་ཚེ།།
འཕེལ་རྒྱས་རྩ་བའི་ཡལ་ག་ནམ་ཞིག་ལ་རྒྱས་སྲིད།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འགལ་འདུའི་ཕུང་པོ།

2011-07-09 སྟག་རིག་འབྲུག་ཐར། ཀློག་གྲངས། མཆན ཡོད།


རང་དབང་བརྩེ་དུང་ཟབ་མོའི་བཤུལ་ལམ་དེ་སྙེག་ན།།
ཕ་མའི་བཀའ་ཁྲིམས་བཙན་པོའི་དགོངས་པ་ལ་འགལ་འགྲོ།།
བཙན་སྒྲིག་འཕྲང་ལམ་རིང་མོའི་གནས་ཡུལ་དུ་བརྫངས་ཚེ།།
སྐྱོ་བའི་སྡུག་གི་མུན་པ་དགུ་བརྩེགས་ལས་མི་འདུག།

ཤ་ཚ་སྙིང་ཉེའི་ཚུལ་དུ་དབྱུག་པ་རེ་འཕྱར་ན།།
གཅེས་ལང་བུ་ཆུང་ཚེ་བྷའི་སེམས་ངོ་རུ་གནོད་འགྲོ།།
ཅི་འདོད་གང་འདོད་རང་དབང་རྒྱ་ཡན་དུ་བཏང་ཚེ།།
ནམ་ཞིག་ཐ་ཤལ་བུ་རུལ་མཚང་མིང་ལས་མི་ཐོབ།།

ཉིན་མཚན་རེས་མོས་སློབ་ཁྲིད་ཟུར་ཁྲིད་ལ་རེམ་ན།།
དེང་རབས་ན་ཆུང་སློབ་མར་སུན་སྣང་དེ་བསྣན་འགྲོ།།
ཕུགས་མེད་སློབ་སྟོན་ཐུན་གྲངས་ཕུད་ཐབས་ཙམ་བྱས་ཚེ།།
མཇུག་མཐའི་རྒྱལ་ཁ་ཟེར་བའི་ཆོ་ལོ་དེ་མི་དབང༌།།

དམངས་ལ་ཕན་པའི་རེ་ཞུའི་ཡིག་འཕྲིན་ཅིག་ཕུལ་ན།།
གོང་ལ་རྒོལ་བའི་རྒྱབ་འགལ་ཉེས་དམིགས་སུ་གྲུབ་འགྲོ།།
འཕེལ་མེད་སོར་གནས་རྗེས་ལུས་རྣམ་ཐར་དེ་བསྐྱངས་ཚེ།།
ནམ་ཡང་དབུལ་ལས་ཐར་བའི་གོ་སྐབས་རང་མི་འདུག།

རྟ་བདུན་དབང་བོའི་འོད་སྣང་ཕྱོགས་བརྒྱ་རུ་འཕྲོས་ན།།
ལྟས་ངན་གཏོང་མཁས་ཁེར་བགྲོད་སྲིན་བྱ་ཉིད་བསྐྲད་འགྲོ།།་
མཚན་མོའི་མུན་ནག་སྨག་གི་འཇབ་རྒོལ་དེ་བརྐྱངས་ཚེ།།
སྐྱེ་དངོས་སྲོག་ལྡན་ཚོགས་ལ་སྡུག་བསྔལ་ལས་མི་འཇོན།།

སྨྱུ་གུའི་འགྲོས་ཀྱིས་ཚུལ་མིན་བྱ་ལས་དེ་སྤྲུག་ན།།
བདག་པོ་ཇི་སྙེད་ཅིག་གི་དབང་ཐང་ལ་འཚེ་འགྲོ།།
ཟོལ་བཅོས་བསྟོད་པའི་ཚིག་གི་ཕྲེང་བ་དེ་གཏོར་ཚེ།།
འཕེལ་རྒྱས་རྩ་བའི་ཡལ་ག་ནམ་ཞིག་ལ་རྒྱས་སྲིད།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།