བཙོན་མ།
སྲ་མཁྲེགས་ཀྱིས་བརྩིགས་པའིམཚན་མོའི་མུན་པས
སྐར་མདའ་ཞིག་གི་འཆར་ནུབ་ཡུན་གྱི་བར་སྣང་ཡང་མ་བྱིན
མདུན་གྱི་ཐེམ་སྐས་དེར་སེམས་པ་བསྲིངས་དུས
གནས་ལུགས་ལ་འཁྲུལ་བའི་ལག་པ་མང་པོ་རལ་གྲི་ལྟར་ཕྱར་ཡོང
རྨི་ལམ་ནང་གི་མེ་ཏོག་དམར་པོ་དེ
ཚེ་གང་བོར་རྨི་ལམ་ནས་ལུས་སོང
ཁྱོད་ཀྱི་ཤ་དང་རུས་པས
ལྕགས་སྒྲོག་དེ་དག་ལ་གཙུབ་བརྡར་བྱས་ཀྱང
ཟད་སོང་བ་ཁྱོད་རང་ཡིན་ལ
སྨིན་སོང་བ་ལྕགས་སྒྲོག་རེད་ལ
༢༠༡༡ ༦ ༡༦ ཉིན།
རྩོམ་ཁུངས། ངེད་དྲ་བ།