ངའི་ངོ་གདོང་བཤད་ན།
ཁ་བཏགས་ཀྱི་སྣེ་རུ་དཔྱངས་བའི་ལོ་མ་གྱོང་བོ་དེ།
རི་མོའི་ཐིག་ལེ་འབབ་པའི་ངོས་མཚམས་ཤིག་ནས།
ངའི་ངོ་གདོང་བཤད་ན། ཕྱེ་ལེབས་དང་སྦྲང་མ་འཁོར་མྱོང་ཟེར།
མཆུ་སྒྲོས་དང་ཤ་དྲོད་མ་ཡལ་བའི་ལས་དབང་གི་སྣེ་ཤན་ཞིག་ཏུ།
ངའི་སོ་མདངས་སྟོན་ས་དེ།
འཕགས་མི་ལས་ཀུ་ཤུ་དམར་བོ་ཞིག་ཏུ་བཤད་སྲིད་ན།
ངའི་ངོ་གདོང་སྣུམ་པོ་ཞིག་ཏུ་བཤད་ཚར་བ་རེད།
ཁ་སང་གི་སྔོན་དུ། ངའི་ངོ་གདོང་བཤད་ན།
ལྕང་མ་སྐམ་སོང་། ལོ་མ་འཐོར་སོང་།
ས་གཞི་ཡང་སྐམ་དྲགས་པའི་ཕྱེ་ཐང་བརྡལ་མ་ཞིག་ཏུ་སྣང་།
དེ་རིང་གི་དུས་སུ། ངའི་ངོ་གདོང་བཤད་ན།
ཁ་དོག་རྫུན་མ་རེད། ནང་སྙིང་སྟོང་བ་རེད།
སྐྱེ་བོའི་དཔུང་ཤ་འབུར་མ་ཐུབ་པའི་མི་བུ་ཞིག་གི་ཚོན་མདངས་དོད་འདུག
སིང་ཉིན་གྱི་རྗེས་སུ། ངའི་ངོ་གདོང་བཤད་ན།
ངོ་དབྱིབས་ནི་ངོ་དབྱིབས་དང་། ཁ་དོག་ནི་ཁ་དོག་ཏུ་ཤར་ཆོག
ང་ཡང་ང་ལ། གསུང་པོར་སྨྲ་བ་ཞིག་ཏུ་སེམས་ཡོད།
གལ་ཏེ་ས་ལྒང་འདི་རྐང་རྩལ་སྤོ་ལོ་ཞིག་ཏུ་སྲིད་ན།
ངའི་ངོ་གདོང་ཡང་། རྨི་ལམ་ནང་གི་འཁྲུལ་སྦྱོར་བཞིན་དུ།
ནག་ཐིག་མེད་གུ། དམར་ཐིག་མེད་གུ།
༢༠༡༡ ༢ ༣༠ ལ་མགོ་ལོག་ཁུལ་བོད་སྨན་ཁང་ནས།
རྩོམ་ཁུངས། ངེད་དྲ་བ།