རྨི་ལམ་ནང་གི་མིག་ཆུ།


མདང་ཐུན་གསུམ་རྨི་ལམ་ནང་ནས། །
ཡུལ་ཕྱོགས་སུ་ཐེངས་གཅིག་བསྐོར་ཡོད། །
ངས་ཕ་ཡུལ་རྣམ་པ་མཐོང་ནས། །
སེམས་སྐྱོ་བའི་མུན་པས་ཁེངས་སོང་། །

ཐང་འགབ་མའི་ཞིང་ཁའི་ལོ་ཏོག །
གན་འབྲི་དང་མཛོ་མོས་ཟ་གི། །
འབྲི་མཛོ་མོར་ཟ་དོན་དྲིས་དུས། །
རྩྭ་སྔོན་པོ་མི་འདུག་ཟེར་གི། །

ཐང་བར་མའི་སྤང་ལྗོངས་སྔོན་མོ། །
དུས་ད་ལྟ་རྟིང་འོག་བསློགས་འདུག །
གན་ཅི་བྱུང་སྤང་ལ་དྲིས་དུས། །
འདི་སྨན་རྩྭ་བརྐོས་པས་ལན་ཟེར། །

ཐང་གོང་མ་མེ་ཏོག་འཁྲུངས་ས། །
དུས་དེང་སང་བྱེ་མས་གང་འདུག །
གན་ཅི་བྱུང་བྱེ་མར་དྲིས་ཚེ། །
འདི་ཆུ་རྩ་ཆད་པས་ཡིན་ཟེར། །

ཆུ་ཆད་པའི་རྒྱུ་མཚན་མ་ཤེས། །
རི་འགབ་མ་ནགས་རིར་དྲིས་ཡོད། །
རི་འགབ་མ་ནགས་རིས་བཤད་ན། །
འདི་ཤིང་ནགས་བཅད་པས་ལན་ཟེར། །

དེས་ཡིད་སེམས་ཚིམ་པ་མ་བྱུང་། །
རི་བར་མ་རྫ་རིར་དྲིས་ཡོད། །
རི་བར་མ་རྫ་རིས་བཤད་ན། །
འདི་གངས་ཆབ་ཞུ་བས་ལན་ཟེར། །

གངས་དཀར་པོ་ཞུ་དོན་མ་ཤེས། །
རི་གོང་མ་གངས་ལ་དྲིས་ཡོད། །
རི་གོང་མ་གངས་ཀྱིས་བཤད་ན། །
དེ་ཨ་སྔོན་དགུང་གིས་མཁྱེན་ཟེར། །

དགུང་ཨ་སྔོན་དབྱིངས་སུ་སོང་ནས། །
གཏམ་གསལ་པོར་འདྲི་འདོད་ཆེ་མོད། །
དགུང་སྔོན་པོ་མཐོ་ལ་ཡངས་པས། །
དེར་འཕུར་བའི་གཤོག་རྩལ་ངར་མེད། །

ཤིང་ཤུག་པས་བསང་ཞིག་བཏང་ཞིང་། །
ཆུ་དྭངས་མོས་མཆོད་ཅིག་ཕུལ་ནས། །
དགུང་སྔོན་པོར་སྐྱབས་ཤིག་བཅོལ་མོད། །
ཡིད་ཚིམ་པའི་ལན་ཞིག་མ་བྱུང་། །

ང་སྡེ་བའི་ནང་དུ་ཕྱིན་ནས། །
ནང་སྡེ་མིར་གཏམ་ཞིག་དྲིས་ཡོད། །
ནང་སྡེ་བའི་མི་ཚོས་བཤད་ན། །
གན་གཏེར་ཁ་བརྐོས་པས་ལན་ཟེར། །

འདིའི་གཏེར་ཁ་སྔོག་དོན་བསམ་ནས། །
ཡུལ་སྡེ་བའི་དཔོན་པོ་བཙལ་མོད། །
ཡུལ་སྡེ་བའི་དཔོན་ཆེན་ཁ་ན། །
ཅི་དྲིས་པར་ཨ་ལན་མེད་ཀི། །

གཏམ་རྣ་བས་གོ་ཚུལ་ལྟར་ན། །
དཔོན་ཁུག་མ་ཞབས་རྡོལ་ཡིན་ཟེར། །
ངའི་ཕ་ཡུལ་གཏེར་གྱི་བུམ་པ། །
གན་དཔོན་པོའི་ཁུག་མར་འགེམས་ཟེར། །

ཡུལ་རྒྱང་རིང་ཕ་ཡུལ་ཕྱོགས་ན། །
གན་དཔོན་པོའི་རྒྱུ་མ་རང་འདྲེས། །
དཔོན་ཧམ་པའི་ཟ་ཁ་དེ་ཡིས། །
ཡུལ་རྫ་ཁོག་སྟོང་པར་བཏང་འདུག །

ནང་སྡེ་མིའི་མིག་འབྲས་གསལ་ཡང་། །
ཡུལ་དཔོན་པོའི་དབང་ཤེད་འོག་ན། །
གཏམ་གནས་ལུགས་ཁྲིམས་དང་འགལ་བས། །
ནང་སྡེ་མིའི་རེ་ཐག་ཆད་འདུག །

ནངས་སྔ་མོ་གཉིད་ལས་སད་དུས། །
གན་སྐྱ་རེངས་མཁའ་ན་གསལ་ཡང་། །
ནང་སེམས་ཀྱི་མཚོ་མོའི་ངོགས་སུ། །
སྨག་མུན་པ་སྔར་བཞིན་སྟུག་གི། །
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་ནང་གི་མིག་ཆུ།

2011-07-05 ཆས་པ་བསྟན་འཛིན། ཀློག་གྲངས། མཆན ཡོད།


མདང་ཐུན་གསུམ་རྨི་ལམ་ནང་ནས། །
ཡུལ་ཕྱོགས་སུ་ཐེངས་གཅིག་བསྐོར་ཡོད། །
ངས་ཕ་ཡུལ་རྣམ་པ་མཐོང་ནས། །
སེམས་སྐྱོ་བའི་མུན་པས་ཁེངས་སོང་། །

ཐང་འགབ་མའི་ཞིང་ཁའི་ལོ་ཏོག །
གན་འབྲི་དང་མཛོ་མོས་ཟ་གི། །
འབྲི་མཛོ་མོར་ཟ་དོན་དྲིས་དུས། །
རྩྭ་སྔོན་པོ་མི་འདུག་ཟེར་གི། །

ཐང་བར་མའི་སྤང་ལྗོངས་སྔོན་མོ། །
དུས་ད་ལྟ་རྟིང་འོག་བསློགས་འདུག །
གན་ཅི་བྱུང་སྤང་ལ་དྲིས་དུས། །
འདི་སྨན་རྩྭ་བརྐོས་པས་ལན་ཟེར། །

ཐང་གོང་མ་མེ་ཏོག་འཁྲུངས་ས། །
དུས་དེང་སང་བྱེ་མས་གང་འདུག །
གན་ཅི་བྱུང་བྱེ་མར་དྲིས་ཚེ། །
འདི་ཆུ་རྩ་ཆད་པས་ཡིན་ཟེར། །

ཆུ་ཆད་པའི་རྒྱུ་མཚན་མ་ཤེས། །
རི་འགབ་མ་ནགས་རིར་དྲིས་ཡོད། །
རི་འགབ་མ་ནགས་རིས་བཤད་ན། །
འདི་ཤིང་ནགས་བཅད་པས་ལན་ཟེར། །

དེས་ཡིད་སེམས་ཚིམ་པ་མ་བྱུང་། །
རི་བར་མ་རྫ་རིར་དྲིས་ཡོད། །
རི་བར་མ་རྫ་རིས་བཤད་ན། །
འདི་གངས་ཆབ་ཞུ་བས་ལན་ཟེར། །

གངས་དཀར་པོ་ཞུ་དོན་མ་ཤེས། །
རི་གོང་མ་གངས་ལ་དྲིས་ཡོད། །
རི་གོང་མ་གངས་ཀྱིས་བཤད་ན། །
དེ་ཨ་སྔོན་དགུང་གིས་མཁྱེན་ཟེར། །

དགུང་ཨ་སྔོན་དབྱིངས་སུ་སོང་ནས། །
གཏམ་གསལ་པོར་འདྲི་འདོད་ཆེ་མོད། །
དགུང་སྔོན་པོ་མཐོ་ལ་ཡངས་པས། །
དེར་འཕུར་བའི་གཤོག་རྩལ་ངར་མེད། །

ཤིང་ཤུག་པས་བསང་ཞིག་བཏང་ཞིང་། །
ཆུ་དྭངས་མོས་མཆོད་ཅིག་ཕུལ་ནས། །
དགུང་སྔོན་པོར་སྐྱབས་ཤིག་བཅོལ་མོད། །
ཡིད་ཚིམ་པའི་ལན་ཞིག་མ་བྱུང་། །

ང་སྡེ་བའི་ནང་དུ་ཕྱིན་ནས། །
ནང་སྡེ་མིར་གཏམ་ཞིག་དྲིས་ཡོད། །
ནང་སྡེ་བའི་མི་ཚོས་བཤད་ན། །
གན་གཏེར་ཁ་བརྐོས་པས་ལན་ཟེར། །

འདིའི་གཏེར་ཁ་སྔོག་དོན་བསམ་ནས། །
ཡུལ་སྡེ་བའི་དཔོན་པོ་བཙལ་མོད། །
ཡུལ་སྡེ་བའི་དཔོན་ཆེན་ཁ་ན། །
ཅི་དྲིས་པར་ཨ་ལན་མེད་ཀི། །

གཏམ་རྣ་བས་གོ་ཚུལ་ལྟར་ན། །
དཔོན་ཁུག་མ་ཞབས་རྡོལ་ཡིན་ཟེར། །
ངའི་ཕ་ཡུལ་གཏེར་གྱི་བུམ་པ། །
གན་དཔོན་པོའི་ཁུག་མར་འགེམས་ཟེར། །

ཡུལ་རྒྱང་རིང་ཕ་ཡུལ་ཕྱོགས་ན། །
གན་དཔོན་པོའི་རྒྱུ་མ་རང་འདྲེས། །
དཔོན་ཧམ་པའི་ཟ་ཁ་དེ་ཡིས། །
ཡུལ་རྫ་ཁོག་སྟོང་པར་བཏང་འདུག །

ནང་སྡེ་མིའི་མིག་འབྲས་གསལ་ཡང་། །
ཡུལ་དཔོན་པོའི་དབང་ཤེད་འོག་ན། །
གཏམ་གནས་ལུགས་ཁྲིམས་དང་འགལ་བས། །
ནང་སྡེ་མིའི་རེ་ཐག་ཆད་འདུག །

ནངས་སྔ་མོ་གཉིད་ལས་སད་དུས། །
གན་སྐྱ་རེངས་མཁའ་ན་གསལ་ཡང་། །
ནང་སེམས་ཀྱི་མཚོ་མོའི་ངོགས་སུ། །
སྨག་མུན་པ་སྔར་བཞིན་སྟུག་གི། །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།