བདེ་སྐྱིད་དངོས་བྲིས་མ།

སང་ནང་སློབ་གྲྭར་ཆས་པའི་སྐབས་ཐོག་ཏུ། །
དགའ་བདེའི་ཁྲོམ་ན་རླུང་འཚུབ་ཁེར་འགྲོ་ཞིག །
བདག་མེད་ཉུལ་ཞོར་མིག་གིས་རིག་རིག་ལྟ། །
དེ་ལ་ཟླ་བས་ཁྱི་ལྡོམ་ཞེས་སུ་བཏགས། །

ལས་ཀྱི་སྟབས་ཀ་འགྲིག་པའི་རྟེན་འབྲེལ་དུ། །
དགུ་རོང་སྟབས་བདེ་རྩམ་པས་དངོས་གྲུབ་གནངས། །
སྐྱིད་ལ་སྟབས་གླགས་བཟང་བོས་བདས་པ་ཡི། །
སྐར་མས་སྟབས་ལེགས་མྱུར་འགྲུབ་ཅེས་ཏེ་འབོད། །

ཁྱི་རྒན་ལྡོམ་པོས་རྩམ་པ་ཡར་ལྡོག་ཆེད། །
ལུས་སེམས་ངལ་བར་བཏང་བ་བགྲངས་ཡས་ཀྱང་། །
ཚིག་ཉོག་མང་དུ་དོགས་པས་རེ་ཞིག་བཞག །
ད་ནི་བདེ་སྐྱིད་དངོས་སུ་བརྗོད་པར་བྱ། །

མཚན་གྱི་རི་མོ་རིམ་གྱིས་བྲིས་པ་ན། །
ཇ་དམར་ཟུང་བསྣམས་ཁང་བའི་ཕྱོགས་སུ་བཞུད། །
ཚུལ་འཆོས་དངོས་བྲིས་ཚན་པའི་འགོ་བརྗོད་འདིས། །
ཆུ་ཤེལ་སྐྱེངས་ཏེ་ཟླ་བའི་ཤུབས་སུ་འཛུལ། །

ཁང་བའི་ནང་དུ་མ་འཛུལ་གོང་རོལ་ནས། །
སྲིད་པའི་ཀ་བས་སྒོ་ཆེན་གཅོག་ལ་བྱས། །
ཧོལ་རྒྱུགས་བསམས་ནས་སྐྱེན་པོར་བསྲན་བཙུགས་ཏེ། །
ནང་སེམས་རྣོན་པོར་ཐ་གུས་སྐ་རགས་བསྡམས། །

ཕན་ཚུན་ངོ་ཚར་འཛེམས་ནས་ཡུད་ཙམ་ཧད། །
རིང་བོར་མ་ཐུབ་གཡུལ་དུ་ཞུགས་འགོ་བརྩམས། །
དྲ་ཡོལ་སྒོ་ཟྭ་བཅས་ནི་དམ་སྦྲེལ་བར། །
གློག་སྒྲོན་གཟིམ་མེད་ཉིན་དཀར་ལྟར་དུ་བྱས། །

སྙིང་གཏམ་ཟེར་བཞིན་ལག་པས་དམ་དུ་འཁྱུད། །
འདོད་གཏམ་ཟེར་བཞིན་མཆུ་ཡི་པདྨོ་སྦྱོར། །
དྲན་གདུང་ཟེར་བཞིན་བརླ་རྐང་རྐྱོང་བཀུམ་བྱེད། །
ཟེར་བཞིན་ཟེར་བཞིན་ཆ་འགྲིག་གཅེར་བུར་ཕུད། །

དགེ་ཆོས་བསྟན་བཅོས་སྙིང་ལ་རབ་བཅངས་ཏེ། །
ཉིད་ཀྱིས་ཚོད་ལྟ་བྱེད་འདོད་ཀུན་ནས་བསླངས། །
ཨ་ཁུ་མགྲོན་པོ་ནང་དུ་སོང་བའི་མོད། །
ཐོགས་པ་མེད་པར་སོ་ནམ་ལས་ལ་རེམ། །

དགེ་བའི་ཞིང་སར་ཆུ་ལུད་དབེན་པ་བཞིན། །
སྙིང་ནས་ཡིད་ཚིམས་མིག་གཉིས་བཙུམ་བཙུམ་བྱེད། །
ཁོས་ཀྱང་སྟོབས་ཀྱིས་བསྣུན་པས་ཏིང་འཛིན་གྱི་། །
འཕྲུལ་བའི་རོལ་བ་ལ་ཡང་དོགས་པ་བྱིན། །

སྐད་ཅིག་བདེ་བའི་མྱོས་བུམ་པདྨོ་དེར། །
བླུགས་པ་བདུད་རྩི་ཡིན་མིན་བཤད་དཀའ་ཡང་། །
ཟླ་ངོ་འགའ་ལ་བསྲན་པའི་ཞེན་སྣང་གིས། །
ལྡུག་པར་འགྱོད་པའི་སྤུ་ལོང་གཡོས་མ་མྱོང་། །

དགུ་རྒྱག་ནམ་ལངས་ཕོ་རབ་རྒོད་པོ་ཞེས། །
ཀུན་ལ་རླུང་ལྟར་གྲགས་པ་དེ་ལྟར་བཤད། །
དེ་འཕྲལ་མོས་ཀྱང་གལ་སྲིད་ཁྱོས་ཐུབ་ན། །
གྲོགས་དན་ཐུབ་ཞེས་ཧབ་ཆ་གེག་གེག་རྒྱག །

སྐོམ་ཆུ་ཞིག་ཀྱང་འཐུང་ཁོམ་མ་བྱུང་བར། །
སྙན་དབྱངས་ཞིག་དང་བསྡོངས་ནས་ཉེར་བསྡོགས་བརྩམས། །
གང་ཞིག་ཆགས་པའི་མེ་ལྕེ་དགུང་མཆེད་པར། །
ཨ་མ་སྒྲོལ་མ་ཟེར་བཞིན་ཧང་ཧང་འབྱིན། །

དང་བོ་དམག་རྩལ་ཁ་སྦུབས་ལྟར་དུ་བྱས། །
གཉིས་པ་ཐོང་གཤོལ་འཁུར་ཏེ་ནས་དཀར་བཏབ། །
གསུམ་པ་གཤོག་ཟུང་བརྐྱངས་ཏེ་མཁའ་རུ་འཕུར། །
བཞི་བ་རྟ་དང་བོང་བུས་འཛུགས་ལྟར་ལས། །

དེ་ལྟར་ལྔ་བ་དྲུག་པ་བདུན་པ་སོགས། །
ཉིད་ཀྱིས་འདུག་སྟངས་མ་བརྗེས་ས་མེད་པར། །
དགུན་གྱི་རྔུལ་ཆུས་ལུས་ཡོངས་སྦངས་ན་ཡང་། །
ལྕགས་ཀྱུར་སེམས་ཀྱིས་སྐུལ་ན་ཐབས་མི་འདུག། །

དགུ་ནི་མི་འདིང་བདུན་མཐར་སོན་པ་ན། །
སྐྱ་རེངས་ལྷ་མོས་ཞབས་བྲོ་རྒྱག་ལ་རེམ། །
མི་འགྱིང་རླངས་འཁོར་སྒྲ་ནི་གྲགས་སྲིད་པས། །
གསིག་བཞིན་གསིག་བཞིན་བདེ་མོ་གདན་སྟེང་བཞག །

དེ་དུས་སྙིང་གྲོགས་དགའ་མས་མིག་ཆུ་འདོན། །
རྗེས་སོར་དྲན་ངེས་སྐོར་ནི་ལབ་པ་ན། །
གྲངས་ཀ་བདུན་པོ་ཡིད་ལ་འཛིན་དགོས་ཞེས། །
གད་མོ་དགོད་པའི་རྣམ་པ་ཤི་ཡང་དྲན། །

དབུགས་དབྱུང་དབར་ནས་རོགས་འཐེན་རྒྱབ་པ་སོགས། །
ཕྱིར་མིག་འཆར་ཡངས་གློག་གི་བརྙན་རིས་བཞིན། །
གསལ་ཡང་དོན་སྙིང་ལྡན་པ་འདི་ཙམ་འཐུས། །
བདེ་སྐྱིད་དངོས་བྲིས་མ་ནི་ཡོངས་རྫོགས་སོ། །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེ་སྐྱིད་དངོས་བྲིས་མ།

2011-07-04 སྙན་བཟང་བྱམས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།