སྐྱ་མདའ་བཀྱགས་པ་ནས།
ཟིལ་བས་ཉི་མ་ཞིག་ཁུར་ཏེ་སྒོ་སྒེའུ་ཁུང་གི་བར་སྲུབས་རེ་རེ་ནས་བསྲིངས
རྒྱུད་སྐུད་སྟེང་གི་འདབ་ཆགས་ཚོའི་སྙན་ངག་གི་སྨྲེང་གཞས་གྱ་གྱུ
དུར་འཇུག་མ་བྱས་པའི་བེམ་པོའི་ནང་ཁོག་གི་འཇིགས་པ་ལས་སྨིན་བྱུང
ཐག ཐག ཐག དུས་ཚོད་ཅིག་འགུལ་གིན་འདུག
དྲ་མ་ལས་མཐའ་གཞུང་ཆེ་བའི་རྒྱ་མཚོ་སྔོན་མོའི་ཟེགས་མ་རེ་རེར་ཉན་དུས
རྐང་འོག་ཏུ་གྲིབ་གཟུགས་ནག་པོ་ཞིག་ཐ་མག་གི་དུ་བའི་ཁྲོད་ནས་རིང་ཐུང་གསུམ་དུ་གྱེས
སྡོང་བུ་འདར་ཞིང་སྐྱོམས་པའི་བདག་ཡིད་ཀྱི་ནམ་མཁའ་ཆུང་ཆུང
འཆི་གཟུགས་དང་གསོན་མདངས་ཀྱིས་མ་བསྡུས་པའི་ཕྱི་སྐོགས་ཁྲ་ཁྲ
ཐག ཐག ཐག དུས་ཚོད་ནི་དུས་ཚོད་ཅིག
ཤོག་བུ་༼ མགོ་རྡོ་མས་༽སྐྲ་ཉག་རེ་རེར་པང་དུ་གཏོར་དུས
མཛུབ་རྩེ་རུ་འབུར་བརྙན་གྱི་རི་མོ་མང་པོ་ཞིག་སྐྱེ་བཞིན་པའི་སྣང་བ་རྒྱས
དུས་དེར དགུན་ཟླ་རིང་མོ་ཞིག་གི་བསམ་གཞིགས་ལ་བསྐྱར་དུ་ཚང་རྩིས་རྒྱབ
ཐག ཐག ཐག དེ་རིང་ 2011.6.8 དེ དུས་ཚོད་ 24.59 དེའོ
རི་བོ་ཞིག་གིས་ཉི་འོད་ཀྱི་ཆོས་གོས་སེར་པོ་རིམ་པར་གྱོན་དེ་རིམ་པར་ཕུད་པས
ཚེ་ཐག་ཅིག་མདོ་འཛིན་གྱི་རྩེ་ནས་རྩ་རུ་བབས་པའི་ཁ་བ་ནག་པོ
མཁའ་དབྱིངས་ནས་ཐུར་དུ་ལྷུང་ཞིང་གྱེན་དུ་འཛེགས་པ འི་སའི་གོ་ལ་ལས
འཁུན་སྒྲ་ནི་ཟུག་ངུ་ཅན་གྱི་ངའི་ཕ་ཡུལ་གྱི་མིག་ཟུང་རེད
ཐག ཐག ཐག དུ ས་ཚོད་ནི་ཐག་སྒྲ་ཞིག
2011.6.8 ཉིན་ལན་དྲུག་ཏུ།
རྩོམ་ཁུངས། ངེད་དྲ་བ།