རང་ཉིད་ཀྱི་ཕྱི་ནང་།
ཁྱོད་ལ་མེ་ཏོག་ག་ཙམ་བསྐུར་ཡང་དེ་ལྟར་རྙིད་དུ་བཅུག
ཁྱོད་ཀྱི་སྐད་ཆར་ཇི་ཙམ་ཉན་ཡང་དེ་ལྟར་རྣ་རྒྱབ་ཏུ་ལུས
བདག་ལ་གསུངས་དང ལྗང་མདོག་གི་རི་ཚོགས་གང་དུ་འགྱིང་ཡོད
བདག་ལ་གསུངས་དང རི་ཚོགས་ཀྱི་རྨི་ལམ་གང་དུ་སྦྲུམ་ཡོད
བདག་ལ་གསུངས་དང སོས་དུས་ཀྱི་སེམས་པ་གང་དུ་འཁོར་ཡོད
ཁང་ཆུང་སྟོང་བ་འདིའི་ནང
འཕག་ལྡིང་གི་གློ་མཆིན་དལ་དུས་ཤིག་ཨེ་ཡོད
ཁང་ཆུང་གོག་རོ་འདིའི་ནང
རྣམ་ཤེས་ཀྱི་དབུགས་རྒྱུ་སེང་དུས་ཤིག་ཨེ་ཡོད
༢༠༡༡ལོའི་ཟླ་༦ཚེས་༡༢ཉིན་བྲིས།
རྩོམ་ཁུངས། ངེད་དྲ་བ།