མཐོ་སྒང་གི་མུ་ཏིག


རང་བྱུང་ནམ་མཁའི་ཡུལ་ལྗོངས་བོད་ཀྱི་ས།།
འཚེ་མེད་ཞི་བདེའི་བོད་བརྒྱུད་ནང་བའི་ཆོས།།
སྒེག་མཛེས་གཞུང་དྲང་བོད་པའི་བུ་མོ་སྟེ།།
ས་མཐོའི་ཡུལ་ན་མུ་ཏིག་རྣམ་གསུམ་སྣང་།།

དེ་ལས་གཞན་གྱི་ཡིད་ལ་མ་དྲན་པའི།།
སྐབས་བབ་མཐོ་སྒང་བུ་མོའི་ཡོན་ཏན་རྣམས།།
སྒྲོ་འདོགས་འུད་སྟོད་ལ་སོགས་ཉེར་སྤངས་ཏེ།།
སྣོད་བཅུད་དཔེ་རུ་འགོད་བཞིན་བདག་གིས་འབྲི།།

མཐོ་སྒང་བུ་མོ་དྭངས་གཙང་ཁ་བཏགས་རེད།།
མཐོ་སྒང་བུ་མོ་རྫ་ཆུ་ཟིལ་མ་རེད།།
མཐོ་སྒང་བུ་མོ་ཆུ་སྐྱེས་པདྨ་རེད།།
མཐོ་སྒང་བུ་མོ་ཆུ་ཤེལ་བུམ་པ་རེད།།

མཐོ་སྒང་བུ་མོ་བཅོ་ལྔའི་དུང་ཟླ་རེད།།
མཐོ་སྒང་བུ་མོ་ཐོ་རེངས་སྐར་ཆེན་རེད།།
མཐོ་སྒང་བུ་མོ་འཇའ་ཚོན་སྣ་ལྔ་རེད།།
མཐོ་སྒང་བུ་མོ་མུན་སེལ་སྒྲོན་མེ་རེད།།

མཐོ་སྒང་བུ་མོ་བྱུ་རུ་དམར་ཆུང་རེད།།
མཐོ་སྒང་བུ་མོ་གཡུ་ཆུང་དྲུག་དཀར་རེད།།
མཐོ་སྒང་བུ་མོ་གཟི་མིག་ཁྲ་བོ་རེད།།
མཐོ་སྒང་བུ་མོ་དུང་གི་སྒྲོག་གུ་རེད།།

མཐོ་སྒང་བུ་མོ་ལྷ་ཤིང་ཤུག་པ་རེད།།
མཐོ་སྒང་བུ་མོ་གསོམ་དཀར་སྡོང་བོ་རེད།།
མཐོ་སྒང་བུ་མོ་སྨྱུག་མ་ཚིགས་དྲུག་རེད།།
མཐོ་སྒང་བུ་མོ་ཨ་གར་ལྗོན་ཤིང་རེད།།

མཐོ་སྒང་བུ་མོ་ཁུ་བྱུག་སྔོན་མོ་རེད།།
མཐོ་སྒང་བུ་མོ་བྱེའུ་ཆུང་འཇོལ་མོ་རེད།།
མཐོ་སྒང་བུ་མོ་སྐྱ་ཀ་ཁྲ་མོ་རེད།།
མཐོ་སྒང་བུ་མོ་རྨ་བྱ་སྒྲོ་ཡག་རེད།།

མཐོ་སྒང་བུ་མོ་ཤ་མོ་དཀར་བོ་རེད།།
མཐོ་སྒང་བུ་མོ་ཤེའུ་དར་སེར་བོ་རེད།།
མཐོ་སྒང་བུ་མོ་འབྲུ་སིལ་དམར་བོ་རེད།།
མཐོ་སྒང་བུ་མོ་སྤང་རྒྱན་སྔོན་པོ་རེད།།

མཐོ་སྒང་བུ་མོ་འབྲི་ཞོ་མངར་མོ་རེད།།
མཐོ་སྒང་བུ་མོ་འོ་ཇ་ཞིམ་པོ་རེད།།
མཐོ་སྒང་བུ་མོ་སྦྲང་དཀར་རྩམ་པ་རེད།།
མཐོ་སྒང་བུ་མོ་མར་ལོ་ཆུང་ཆུང་རེད།།

མཐོ་སྒང་བུ་མོ་ནས་ཆང་སྔོན་མོ་རེད།།
མཐོ་སྒང་བུ་མོ་རྒུན་ཆང་དམར་བོ་རེད།།
མཐོ་སྒང་བུ་མོ་ཁ་བའི་ཝུ་ཆང་རེད།།
མཐོ་སྒང་བུ་མོ་ལོ་ཆང་ཁམ་པ་རེད།།

མཐོ་སྒང་བུ་མོ་བལ་དཀར་ཁ་ཆུ་རེད།།
མཐོ་སྒང་བུ་མོ་ལུག་ཆུང་ཚ་རུ་རེད།།
མཐོ་སྒང་བུ་མོ་བལ་གདན་འཇམ་པོ་རེད།།
མཐོ་སྒང་བུ་མོ་དགུན་རྩག་དྲོན་མོ་རེད།།

མཐོ་སྒང་བུ་མོ་དར་སྲབ་ཡོལ་བ་རེད།།
མཐོ་སྒང་བུ་མོ་རྒྱ་དར་དཀར་བོ་རེད།།
མཐོ་སྒང་བུ་མོ་སེང་རས་དམར་བོ་རེད།།
མཐོ་སྒང་བུ་མོ་གོས་ཆེན་ཟ་འོག་རེད།།

མཐོ་སྒང་བུ་མོ་རྗེ་བཙུན་སྒྲོལ་མ་རེད།།
མཐོ་སྒང་བུ་མོ་ནོར་བུ་སྦྱིན་མ་རེད།།
མཐོ་སྒང་བུ་མོ་ཚངས་པའི་སྲས་མོ་རེད།།
མཐོ་སྒང་བུ་མོ་མཆོད་པའི་ལྷ་མོ་རེད།།

མཐོ་སྒང་བུ་མོ་མིག་གི་བདུད་རྩི་རེད།།
མཐོ་སྒང་བུ་མོ་རྣ་བའི་བུ་རམ་རེད།།
མཐོ་སྒང་བུ་མོ་སེམས་ཀྱི་བསྟི་གནས་རེད།།
མཐོ་སྒང་བུ་མོ་ལུས་ཀྱི་ཕྱག་རྒྱ་རེད།།

མཐོ་སྒང་བུ་མོ་འདོད་ཡོན་སྣ་ལྔ་རེད།།
མཐོ་སྒང་བུ་མོ་ཕ་རོལ་ཕྱིན་དྲུག་རེད།།
མཐོ་སྒང་བུ་མོ་འཕགས་པའི་ནོར་བདུན་རེད།།
མཐོ་སྒང་བུ་མོ་རྣམ་ཤེས་ཚོགས་བརྒྱད་རེད།།

མཐོ་སྒང་བུ་མོ་བདག་གི་བླ་སྲོག་རེད།།
མཐོ་སྒང་བུ་མོ་བདག་གི་རྣམ་ཤེས་རེད།།
མཐོ་སྒང་བུ་མོ་བདག་གི་སེམས་རྟེན་རེད།།
མཐོ་སྒང་བུ་མོ་བདག་གི་གཅེས་ནོར་རེད།།

དེ་སྐད་མཐོ་སྒང་བུ་མོ་གླེང་བའི་གཏམ།།
དོན་ལ་གནས་མིན་བདེན་རྫུན་གང་ཡིན་སོགས།།
དོན་གྱི་གནས་ལུགས་མཐོང་བའི་རྣམ་དཔྱོད་དང་།།
མྱོང་བ་ཕྲ་མོས་ཞིབ་ཏུ་དཔྱད་ན་ཤེས།།

                                                                                             སྤྱི་ལོ་༢༠༡༡ལོའི་ཟླ༥ཚེས༢༩ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཐོ་སྒང་གི་མུ་ཏིག

2011-07-01 གཟི་མིག་གསུམ་པ། ཀློག་གྲངས། མཆན ཡོད།


རང་བྱུང་ནམ་མཁའི་ཡུལ་ལྗོངས་བོད་ཀྱི་ས།།
འཚེ་མེད་ཞི་བདེའི་བོད་བརྒྱུད་ནང་བའི་ཆོས།།
སྒེག་མཛེས་གཞུང་དྲང་བོད་པའི་བུ་མོ་སྟེ།།
ས་མཐོའི་ཡུལ་ན་མུ་ཏིག་རྣམ་གསུམ་སྣང་།།

དེ་ལས་གཞན་གྱི་ཡིད་ལ་མ་དྲན་པའི།།
སྐབས་བབ་མཐོ་སྒང་བུ་མོའི་ཡོན་ཏན་རྣམས།།
སྒྲོ་འདོགས་འུད་སྟོད་ལ་སོགས་ཉེར་སྤངས་ཏེ།།
སྣོད་བཅུད་དཔེ་རུ་འགོད་བཞིན་བདག་གིས་འབྲི།།

མཐོ་སྒང་བུ་མོ་དྭངས་གཙང་ཁ་བཏགས་རེད།།
མཐོ་སྒང་བུ་མོ་རྫ་ཆུ་ཟིལ་མ་རེད།།
མཐོ་སྒང་བུ་མོ་ཆུ་སྐྱེས་པདྨ་རེད།།
མཐོ་སྒང་བུ་མོ་ཆུ་ཤེལ་བུམ་པ་རེད།།

མཐོ་སྒང་བུ་མོ་བཅོ་ལྔའི་དུང་ཟླ་རེད།།
མཐོ་སྒང་བུ་མོ་ཐོ་རེངས་སྐར་ཆེན་རེད།།
མཐོ་སྒང་བུ་མོ་འཇའ་ཚོན་སྣ་ལྔ་རེད།།
མཐོ་སྒང་བུ་མོ་མུན་སེལ་སྒྲོན་མེ་རེད།།

མཐོ་སྒང་བུ་མོ་བྱུ་རུ་དམར་ཆུང་རེད།།
མཐོ་སྒང་བུ་མོ་གཡུ་ཆུང་དྲུག་དཀར་རེད།།
མཐོ་སྒང་བུ་མོ་གཟི་མིག་ཁྲ་བོ་རེད།།
མཐོ་སྒང་བུ་མོ་དུང་གི་སྒྲོག་གུ་རེད།།

མཐོ་སྒང་བུ་མོ་ལྷ་ཤིང་ཤུག་པ་རེད།།
མཐོ་སྒང་བུ་མོ་གསོམ་དཀར་སྡོང་བོ་རེད།།
མཐོ་སྒང་བུ་མོ་སྨྱུག་མ་ཚིགས་དྲུག་རེད།།
མཐོ་སྒང་བུ་མོ་ཨ་གར་ལྗོན་ཤིང་རེད།།

མཐོ་སྒང་བུ་མོ་ཁུ་བྱུག་སྔོན་མོ་རེད།།
མཐོ་སྒང་བུ་མོ་བྱེའུ་ཆུང་འཇོལ་མོ་རེད།།
མཐོ་སྒང་བུ་མོ་སྐྱ་ཀ་ཁྲ་མོ་རེད།།
མཐོ་སྒང་བུ་མོ་རྨ་བྱ་སྒྲོ་ཡག་རེད།།

མཐོ་སྒང་བུ་མོ་ཤ་མོ་དཀར་བོ་རེད།།
མཐོ་སྒང་བུ་མོ་ཤེའུ་དར་སེར་བོ་རེད།།
མཐོ་སྒང་བུ་མོ་འབྲུ་སིལ་དམར་བོ་རེད།།
མཐོ་སྒང་བུ་མོ་སྤང་རྒྱན་སྔོན་པོ་རེད།།

མཐོ་སྒང་བུ་མོ་འབྲི་ཞོ་མངར་མོ་རེད།།
མཐོ་སྒང་བུ་མོ་འོ་ཇ་ཞིམ་པོ་རེད།།
མཐོ་སྒང་བུ་མོ་སྦྲང་དཀར་རྩམ་པ་རེད།།
མཐོ་སྒང་བུ་མོ་མར་ལོ་ཆུང་ཆུང་རེད།།

མཐོ་སྒང་བུ་མོ་ནས་ཆང་སྔོན་མོ་རེད།།
མཐོ་སྒང་བུ་མོ་རྒུན་ཆང་དམར་བོ་རེད།།
མཐོ་སྒང་བུ་མོ་ཁ་བའི་ཝུ་ཆང་རེད།།
མཐོ་སྒང་བུ་མོ་ལོ་ཆང་ཁམ་པ་རེད།།

མཐོ་སྒང་བུ་མོ་བལ་དཀར་ཁ་ཆུ་རེད།།
མཐོ་སྒང་བུ་མོ་ལུག་ཆུང་ཚ་རུ་རེད།།
མཐོ་སྒང་བུ་མོ་བལ་གདན་འཇམ་པོ་རེད།།
མཐོ་སྒང་བུ་མོ་དགུན་རྩག་དྲོན་མོ་རེད།།

མཐོ་སྒང་བུ་མོ་དར་སྲབ་ཡོལ་བ་རེད།།
མཐོ་སྒང་བུ་མོ་རྒྱ་དར་དཀར་བོ་རེད།།
མཐོ་སྒང་བུ་མོ་སེང་རས་དམར་བོ་རེད།།
མཐོ་སྒང་བུ་མོ་གོས་ཆེན་ཟ་འོག་རེད།།

མཐོ་སྒང་བུ་མོ་རྗེ་བཙུན་སྒྲོལ་མ་རེད།།
མཐོ་སྒང་བུ་མོ་ནོར་བུ་སྦྱིན་མ་རེད།།
མཐོ་སྒང་བུ་མོ་ཚངས་པའི་སྲས་མོ་རེད།།
མཐོ་སྒང་བུ་མོ་མཆོད་པའི་ལྷ་མོ་རེད།།

མཐོ་སྒང་བུ་མོ་མིག་གི་བདུད་རྩི་རེད།།
མཐོ་སྒང་བུ་མོ་རྣ་བའི་བུ་རམ་རེད།།
མཐོ་སྒང་བུ་མོ་སེམས་ཀྱི་བསྟི་གནས་རེད།།
མཐོ་སྒང་བུ་མོ་ལུས་ཀྱི་ཕྱག་རྒྱ་རེད།།

མཐོ་སྒང་བུ་མོ་འདོད་ཡོན་སྣ་ལྔ་རེད།།
མཐོ་སྒང་བུ་མོ་ཕ་རོལ་ཕྱིན་དྲུག་རེད།།
མཐོ་སྒང་བུ་མོ་འཕགས་པའི་ནོར་བདུན་རེད།།
མཐོ་སྒང་བུ་མོ་རྣམ་ཤེས་ཚོགས་བརྒྱད་རེད།།

མཐོ་སྒང་བུ་མོ་བདག་གི་བླ་སྲོག་རེད།།
མཐོ་སྒང་བུ་མོ་བདག་གི་རྣམ་ཤེས་རེད།།
མཐོ་སྒང་བུ་མོ་བདག་གི་སེམས་རྟེན་རེད།།
མཐོ་སྒང་བུ་མོ་བདག་གི་གཅེས་ནོར་རེད།།

དེ་སྐད་མཐོ་སྒང་བུ་མོ་གླེང་བའི་གཏམ།།
དོན་ལ་གནས་མིན་བདེན་རྫུན་གང་ཡིན་སོགས།།
དོན་གྱི་གནས་ལུགས་མཐོང་བའི་རྣམ་དཔྱོད་དང་།།
མྱོང་བ་ཕྲ་མོས་ཞིབ་ཏུ་དཔྱད་ན་ཤེས།།

                                                                                             སྤྱི་ལོ་༢༠༡༡ལོའི་ཟླ༥ཚེས༢༩ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།