རྐང་ཐང་བ་དང་ཁོའི་རྐང་སྒྲོག

རྐང་ཐང་བ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-06

    དང་པོ།  སློབ་ཆུང་།
རྐང་ཐང་བའི་རྐང་བ་སློབ་གྲྭར་བཞག
སློབ་གྲྭ་ན་རྐང་བ་མང་བོ་ཞིག་མེད་ཀྱང
རྐང་ཐང་བའི་རྐང་བར་རྩེད་གྲོགས་ཤིག་ཡོད་དེ
དེའི་མིང་ལ་རྐང་ཐང་བའི་རྐང་སྒྲོག་ཟེར
 
རྐང་སྒྲོག་གིས་རྐང་ཐང་བ་འདི་ནས་བཟུང་བཀྱིགས་ཡོད་ཀྱང
རྐང་སྒྲོག་གིས་རང་ནི་རྐང་སྒྲོག་ཅིག་ཡིན་པ་ཚོར་མེད་པར
སྣ་དོད་རལ་བོ་གྱུར་བའི་རྐང་བ་དེ་ཚོའི་ལྷན་དུ
ཁ་བ་དང་འདམ་བག་གི་ནང་དུ
ཁངས་མྱི་དང་འདུམ་སྐུ་ལས་བར་བྲེལ
 
རྐང་ཐང་བའི་ཅོག་ཙེ་རྐང་རིང་གི་འགྲམ་དུ
རྐང་སྒྲོག་དེས་འཛུམ་ལྷུག་ལྷུག་གིས
སྒོ་སམ་གྱི་རྐང་རིང་དག་སྒྲོག་ཏུ་འཇུག་པར་རྩོམ་དུས
རྐང་ཐང་བས་རང་ནིའང་སྒྲོག་ཅིག་ཏུ་གྱུར་ཏེ
ཅོག་ཙེའི་འགྲམ་གྱི་རྐང་སྒྲོག་དེ་འཛིན་པར་འདོད་ཀྱིན་འདུག
 
རྐང་ཐང་བ་རྐང་ཐང་དུ་འགྲོ་གིན་ཡོད་པས
རྐང་སྒྲོག་དེ་རྣམ་པའི་སྟེང་ནས་རྐང་ཐང་བར་ཁ་བྲལ་མོད
རྐང་ཐང་བས་བསྐྱུར་བའི་རྐང་རྗེས་ཀྱི་གསེབ་ཏུ
རྐང་སྒྲོག་དེའི་སིལ་སྒྲ་ལྷང་ལྷིང་གྲག་གིན་འདུག
 
དབུཊ་རིང་འཐེན་རྗེས་ཡང་བསྐྱར་དབུཊ་རིང་ཞིག་འཐེན་དགོས་སོང
ཉིན་ཞག་དྲུག་ལ་སྒྲོག་ཏུ་བཅིངས་པའི
རྐང་ཐང་བའི་རྐང་བ   སྤྱིར་བདེ་སྣང་ཞིག་མེད་ཁར
དེ་རིང་ལྷག་ཏུ་བདེ་སྣང་ཞིག་མེད་སོང
    གཉིས་པ།    སློབ་འབྲིང་།
རྐང་ཐང་བ་ཅི་ཡིན་འདི་ཡིན་མེད་པར་ཤར་དུ་བུད་སོང
རྐང་སྒྲོག་གི་སྣང་བརྙན་དེ་དྲན་བཞིན་ཤར་དུ་བུད་སོང
 
རྐང་ཐང་བ་རྐང་ལམ་ལ་འགོས་པའི་ཚེས་ཀྱང
གཟུགས་མེད་ཀྱི་རྐང་སྒྲོག་དེས
རྐང་ཐང་བའི་ཉྭ་ཤ་རྨུགས་བཞིན་འདུག
རྐང་ཐང་བ་ངལ་དུབ་སྐྱེས་པ་ཡིན་ལས་ཆེ
ཕལ་ཆེར་ཉིན་ཞག་གསུམ་ལ་གཉིད་སོང་བ་འདྲ་སྟེ
གང་དུའང་རྐང་རྗེས་ཤིག་བཞག་མ་སོང
 
རྐང་ཐང་བ་སང་ཉིན་རྒྱུགས་རེས་སུ་ཞུགས་དགོས
རྐང་ལྷམ་བདེ་མོ་ཞིག་ཐོབ་ཆེད
དེ་རིང་ཚོང་ར་ན་ཡར་ཉུལ་མར་ཉུལ་བྱེད་ཀྱིན་འདུག
མཚམས་ཤིག་ལ་རྐང་ཐང་བའི་རྐང་མགོར
སྙིང་དུ་སྡུག་པའི་ཤོག་ལྷེབ་ཅིག་གི་རྐང་རྗེས་བབས་འདུག
ཤོག་ལྷེབ་དེ་རྒྱུགས་རེས་ལ་འབྲེལ་བ་སྤུ་ཙམ་མེད་མོད
རྐང་ཐང་བའི་གོམ་སྒྲ་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་ཀི
 
རྐང་ཐང་བས་ཚོང་ར་ནས་རྒྱུགས་ལྷམ་མ་ཉོས་པར
སློབ་གྲྭར་ལོག་སོང   སློབ་གྲྭ་ན་རྐང་བ་གང་མང་ཡོད་ཀྱང
རྐང་ཐང་བའི་སེམས་ཀྱིས་གོམ་སྒྲ་གཅིག་ཀྱང་མ་ཐོས
ཐོས་དགོས་དོན་ཀྱང་ཡེ་ནས་མེད
 
རྐང་ཐང་བས་ལོ་གསར་མ་བསྒྲིགས་ཀྱང
ལོ་གསར་ལྟ་བུའི་ལོ་གསར་ཞིག་གྲུབ་འདུག
ལོ་གསར་འཛོམས་པོ་ཞིག་མིན་ཡང
རྐང་ཐང་བའི་སེམས་སུ་ཅི་ཡང་འཛོམས་ངེས
 
རྐང་ཐང་བས   ཤོག་སྟོང་ཆེན་པོ་ཞིག་མདུན་དུ་བླངས་ནས
ཅི་ཞིག་འབྲིད་འདོད་ཀྱི་ཉེར་བསྡོགས་ཅི་ཙམ་བྱས་ཀྱང
ཤོག་ངོས་སུ་ནག་ཐིག་ཙམ་ཡང་ཕབས་མ་ཐུབ
རྒྱུ་མཚན་རྐང་ཐང་བ་མེད་པོ་ཞིག་ཡིན་པས་རེད
ཡིན་ནའང་མེད་པོ་ལ་མེད་པོའི་ཚོད་ཀྱི་བརྩོན་པ་ཞིག་ལོས་ཡོད
གད་སྙིགས་དང་གཅིན་སྐྱག་ལས་བཏུས་པའི་ཐ་སྙད་རྣོན་པོ་དག  ཤོག་སྟོང་དེའི་ཁུག་ཏུ་བླུགས་ཏེ་རྐང་སྒྲོག་ལ་བསྐུར་སོང
     གསུམ་པ།  མཐོ་འབྲིང་།
རྐང་ཐང་བ  རྐང་སྒྲོག་གི་ཉེ་སར་བཏུད་ཐུབ་སོང
འོན་ཀྱང་རྐང་ཐང་བས་ཅི་ཡང་མ་བཤད
ཕལ་ཆེན་བར་ཐག་གིས་ཆོད་སོང་བའི་སྣང་བ་ཞིག་ལོས་ཡིན
 
རྐང་སྒྲོག་དེ་གཟུགས་ཅན་གཟུགས་མེད་གང་རུང་གིས་རྒྱུ་བས
རྐང་ཐང་བའི་སེམས་ལའང་ཟུག་གཟེར་ཞིག་སློང་གིན་འདུག་ལ
རྐང་ཐང་བའི་ལྷམ་ཡང་དེ་ལྟར་རལ་ཧྲུལ་དུ་གྱུར་སོང
 
རྐང་སྒྲོག་དེ་མཆོང་ཐེངས་ཤིག་གིས
རྐང་ཐང་བའི་མཁའ་དབྱིངས་ལས་བརྒལ་སོང
རྐང་སྒྲོག་གིས་ཕྱིར་མིག་ཙམ་ཡང་མ་འཕང་བས
རྐང་ཐང་བའི་ཁ་ནང་དུ་སྐྱུར་དྲི་ཞིག་བྲོ་བྱུང
དེ་ནི་རྐང་ཐང་བའི་སྙན་ངག་གི་རུ་རྩི་རེད
 
རྐང་ཐང་བ་སྔར་བཞིན་མགོ་སྒུར་རེ་འགྲོ་གི་བསྡད་ལ
མཚམས་ཤིག་ལ་གཡང་གཟར་ཞིག་མངོན་བྱུང
གཡང་གཟར་དེས  རྐང་ཐང་བར་ཅོ་འདྲི་གནང་སོང
རྐང་ཐང་བས་རྩལ་ཅི་ཡོད་ཀྱིས་ཕར་ལ་འཆོངས་ཐུབ་བྱས་ཀྱང
རྐང་ཐང་བ་འཆོངས་མ་ཐུབ
 
སྟབས་ལེགས་པས་སྲོག་ལ་བར་ཆད་མེད་ཀྱང
གཡང་གཟར་ལས་ལྷུང་བས
རྐང་ཐང་བའི་རྐང་བ་ཡ་གཅིག་ཞ་བོར་གྱུར་དགོས་སོང
ཡིན་ནའང  རྐང་ཐང་བ་རྐང་ཐང་དུ་འགྲོ་བར
རྐང་བ་ཡ་གཅིག་གིས་ནམ་ཡང་ལན་མི་སྲིད
 
ལྟོས་དང  ཡ་གིའི་རྐང་ལམ་ཀྱ་ཀྱུ་རུ
རྐང་ཐང་བ   རྒད་པོ་སྒུར་ལོག་ཅིག་དང་འདྲ་བར
སྒུར་སྒུར་གྱིས་རྐང་ཐང་དུ་འགྲོ་བཞིན་འདུག
            བཞི་བ།སློབ་ཆེན།
གྲོང་ཁྱེར་འགྲིམས་ན་རླངས་འཁོར་ལ་འདུག་དགོས་ཀྱང
རྐང་ཐང་བས   རྐང་བ་གཅིག་པུའི་འཁོར་ལོར་བརྟེན་ཏེ
རླངས་འཁོར་དང་མཉམ་དུ་གྲོང་ཁྱེར་ལ་འགྲིམས་སོང
 
རྐང་ཐང་བ་རྐང་ཐང་དུ་འགྲོ་དོན
རྐང་ཐང་བའི་ལས་དོན་གྱི་ཆེད་དུ་ཡིན་ལ
ཡང་ན་རྐང་ཐང་བའི་ཚོར་འདུའི་ཆེད་དུ་ཡིན
གསར་བྱུང་ལ་དགའ་བའི་རྐང་བ་དེ་ཚོ
འཕྲུལ་ལ་བསྡད་དེ་རྒྱང་དུ་བཞུལ་ཤུལ་དུ
རྐང་ཐང་བ་གྲོགས་པོ་གཅིག་ཀྱང་ཡོད་མ་བྱུང
ཡིན་ནའང་རྐང་ཐང་བས
མཁར་བར་བརྟེན་ནས   རྔུལ་ཆུ་ཞུས་ནས
སོང་ཟིན་པའི་བཞུད་ལམ་ལ་རྒྱང་བལྟ་ཞིག་བྱས་ན
རྐང་སྒྲོག་གི་ཚོར་བ་རང་ཉིད་ལ་ཡོད་སྣང་སྐྱེས
 
རྐང་སྒྲོག་དེ་སེམས་ལྡན་ཞིག་མིན་ཡང
རྐང་ཐང་བས  སེམས་ལྡན་གྱི་ཚུལ་གྱིས
ཆིག་ལབ་ཁ་ཚ་རེ་འཕངས་ཤིང
རེ་བ་སྣ་ཚ་རེ་འཕེན་གྱིན་ཡོད་གཤིས
རྐང་ཐང་བས   རྐང་ཐང་གི་ངལ་དུབ་རིང་མོ
ངལ་དུབ་ཀྱི་སྣང་བ་རུ་གཏན་ནས་སྒོམ་མ་བྱུང
 
རྐང་ཐང་བའི་རྐང་ལམ་གཞུང་ལམ་དུ་འཐེན་པ་ཡིན་ནམ
བཞི་མདོ་ཞིག་ནས་སྟེས་དབང་གིས་རྐང་སྒྲོག་དང་འཕྲད་སོང
རྐང་སྒྲོག་གི་སེམས་སུ་རི་མོ་ཅི་ཞིག་བབས་ཡོད་པ་མི་ཚོར་ཡང
རྐང་ཐང་བའི་སྣང་ངོར
དགའ་མར་འཕྲད་པའི་རྐང་རྗེས་ལྟ་བུ་ཞིག་ཤར་འདུག
 
རྐང་སྒྲོག་གིས་རྐང་ཐང་བར་རེ་བཅོལ་ཞིག་བྱེད་དོན
དགོས་དབང་ཞིག་ཡིན་ཡང
དེ་ནི་རྐང་ཐང་བའི་གོ་སྐབས་ཤིག་རེད
 
རྐང་ཐང་བས་རྒྱུན་དུ་རྐང་བརྡ་སྟོན་བཞིན་ཡོད
དེ་ནི་དུངས་ཞེན་གྱི་མཚོན་ཚུལ་ཞིག་རེད
རྐང་སྒྲོག་གིས་བརྡ་ལན་དུ་སིལ་སྒྲ་དཀྲོལ་གྱིན་ཡོད
དེ་ནི་དུངས་ཞེན་ཞིག་ཡིན་པ་རྐང་ཐང་བས་ཤེས་མ་བྱུང
འདི་ལྟར་ཉིན་ཞག་གཅིག་འགོར་སོང
“སྤྱིར་ན  དཀའ་སྤྱད་ཀྱིས་གནས་འདིར་སླེབས་ཚེ
ཐམས་ཅད་རང་ལ་གཏོགས་དགོས་སྙམ
འོན་ཀྱང  བདག་གི་ཡོད་ཚད་རང་དབང་ན་མི་འདུག”①
 
རྐང་ཐང་བ  ཤུ་རེ་སྒོས་རྐང་ཐང་དུ་འགྲོ་དོན་རེ་བ་ཞིག་གི་ཆེད་རེད
བྱུང་ཡིན་ན་རེ་བ་དེ་འགྲུབ་དགོས་མོད
ཚང་རྩིས་ཤིག་བརྒྱབས་ན་ཅི་ཡང་འགྲུབ་མེད་པས
ཡང་བསྐྱར་མགོ་རྩོམ་དགོས་པའི་སྣང་བ་ཞིག་འཆར་བྱུང
ཡིན་ཡང་དུས་ཚོད་ཀྱི་རྐང་བ
རྐང་ཐང་བ་བཞིན་མཚམས་ཆད་མེད་པར་རྐང་ཐང་དུ་འགྲོ་གིན་འདུག
 
རྐང་ཐང་བས  རྐང་སྒྲོག་དེ་ཚུར་འགུག་འདོད་ཀྱང
རྐང་སྒྲོག་གི་རང་གཤིས་ནམ་ཡང་རྐང་སྒྲོག་ཡིན་པས
རྐང་སྒྲོག་གི་ནང་ཉམས་སུས་ཀྱང་རྒྱུས་མངའ་ལོན་མ་བྱུང
 
མཚམས་རེར་བལྟས་ན་ཐོབ་ཐོབ་འདྲ་བའི་རྐང་སྒྲོག
ལན་རེར་བསམ་ན་ཤོར་ཤོར་འདྲ་བའི་རྐང་སྒྲོག
རྐང་སྒྲོག   རྐང་ཐང་བའི་རྐང་བ་ཞ་བོ་དེའི་རྐང་སྒྲོག་ཅིག་རེད
 
རྐང་ཐང་བས་རྐང་བ་དྲུད་ནས་སྤོས་ཀྱང
རྐང་ཐང་བས་རྐང་བ་བཀྱགས་ནས་སྤོས་ཀྱང
རྐང་ཐང་བས་རྐང་སྒྲོག་དེ་ཐོབ་ཆེད་རྐང་བ་སྐྲང་དུ་བཅུག་སོང
རྐང་ཐང་བས་རྐང་སྒྲོག་དེ་རྙེད་པར་རྐང་བ་ཞ་བོར་གྱུར་སོང
 
རྐང་སྒྲོག་གི་ཕྱིར་དུ  རྐང་ཐང་བ་ད་རུང་རྐང་ཐང་དུ་འགྲོ་རྒྱུ་ཡིན
རྐང་སྒྲོག་གི་དོན་དུ  རྐང་ཐང་བ་ད་རུང་ལྷམ་ཉོ་རུའང་འགྲོ་རྒྱུ་ཡིན
བྱས་པ་ཐམས་ཅད་རྐང་སྒྲོག་གི་ཆེད་དུ་ཡིན་ན
མི་འགྱངས་པར་རྐང་སྒྲོག་དེ་ཐོབ་དགོས་མོད
རྐང་སྒྲོག་གིས་གསལ་ཁ་དོད་པོས་རྣམ་འགྱུར་ཅི་ཡང་མ་བསྟན་པས
རྐང་ཐང་བའི་རྐང་ལམ་ཡོད་ཚད་འདྲི་རྟགས་ཤིག་ཏུ་གྱུར་སོང
 
གལ་ཏེ་རྐང་སྒྲོག་དེ་རྐང་ཐང་བར་ཐོབ་པར་གྱུར་ཚེ
རྐང་ཐང་བས་རྐང་སྒྲོག་དེ་བཙའ་ཆག་ཏུ་མི་འཇུག་པར
ནུབ་མོ་ཡང་འོད་ཀྲིག་ཀྲིག་ཏུ་འགྱུར་དུ་འཇུག་རྒྱུ་ཡིན
 
རྐང་ཐང་བ  རྐང་ཐང་དུ་འགྲོ་གི་ཡོད
དེ་ནི་སྙན་ངག་གི་ཆེད་དུ་མ་ཡིན་པའི་སྙན་ངག་གི་བྲན་གཡོག་དེའོ
①ལྗང་བུའི་ཚིག་གཡར་བ།
 
            2011.10.02ལན་གྲུ་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྐང་ཐང་བ་དང་ཁོའི་རྐང་སྒྲོག

2011-10-06 རྐང་ཐང་བ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།