སྟོན་མཇུག་གི་ཕ་ཡུལ།


སྟོན་མཇུག་བརྗོད་དུས་ཕ་ཡུལ་དྲན་འོངས་ཤིང་།
མེ་རུ་སྒྲོན་པའི་ཐ་མག་ཅིག་གི་ཚེ་སྲོག་ལ་འཇུས་པའི་ཕ་ཡུལ་གྱི་སྟོན་མཇུག་དང་འདས་པའི་ལོ་ཟླ་དྲན་འོངས།
འདས་པའི་ལོ་ཟླ་སིམ་སའི་སྟོན་མཇུག་དེ་དག་ཐུང་དྲག་པས།
ང་ཚོར་ཅི་ཡང་མེད།
ཐ་ན་ཡིད་ཆེས་དང་རེ་སྨོན་གྱིས་བཏུམས་མྱོང་བའི་ལོ་ལེགས་ཙམ་ཡང་།
 
གལ་ཏེ  ཕ་ཡུལ་གྱི་སྟོན་མཇུག་དེ་འདས་པའི་བགྲང་བྱ་བཅུ་དྲུག་ཡིན་པའི་དབང་དུ་བཏང་ན།
ལྗིད་ཏིག་ཏིག་གི་རིན་ཐང་འཇོག་མ་ནུས་པ་འདི་ཡང་།
ང་ལ་དབང་བའི་དུས་ཚོད་དེ་ཕ་ཡུལ་གྱི་སྟོན་མཇུག་བཞིན་ཐུང་དྲག་པས་ཅི་ལ་མིན།
 
བསམ་གཞིག་གི་མགོ་བོ་ནམ་མཁར་བསྲིངས་དུས།
ད་གཟོད  ལོ་ཟླ་མང་བོ་ཞིག་འཆི་བདག་གིས་ཟོས་ཚར་བ་རྟོགས་བྱུང་།
དེ་ནི་ངའི་འདས་པའི་ལོ་ཟླ་ཉུང་དྲག་པས་མིན་ལ།
ཕ་ཡུལ་གྱི་སྟོན་མཇུག་ཐུང་དྲག་པས་ཀྱང་ཅི་ལ་ཡིན།
དེ་ནི་ཕ་ཡུལ་གྱི་སྟོན་མཇུག་དང་འདྲ་བའི་ལོ་ཟླ་མང་བོ་བརྩེགས་དྲག་པས་ཡིན་འདུག
 
འདི་ལྟར  སྡར་མ་ཁ་ཤས་ཀྱིས་རྒྱུ་མཚན་མང་བོ་འདྲེན་གྱིན་འདུག
ང་དང་ངའི་ཡུལ་མི་ལྷན་རྒྱས་ཀྱིས་ཀྱང་།
སྟོན་མཇུག་ཐུང་དྲག་པ་ལོ་ལེགས་མེད་པའི་རྒྱུ་མཚན་དུ་འདྲེན་ལ།
མི་ཚེ་ཐུང་དྲག་པ་རིན་ཐང་འཇོག་མ་ནུས་པའི་གསལ་བཤད་ལ་གདམས་ཀྱིན་ཡོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོན་མཇུག་གི་ཕ་ཡུལ།

2011-10-04 འབུར་མ། ཀློག་གྲངས། མཆན ཡོད།


སྟོན་མཇུག་བརྗོད་དུས་ཕ་ཡུལ་དྲན་འོངས་ཤིང་།
མེ་རུ་སྒྲོན་པའི་ཐ་མག་ཅིག་གི་ཚེ་སྲོག་ལ་འཇུས་པའི་ཕ་ཡུལ་གྱི་སྟོན་མཇུག་དང་འདས་པའི་ལོ་ཟླ་དྲན་འོངས།
འདས་པའི་ལོ་ཟླ་སིམ་སའི་སྟོན་མཇུག་དེ་དག་ཐུང་དྲག་པས།
ང་ཚོར་ཅི་ཡང་མེད།
ཐ་ན་ཡིད་ཆེས་དང་རེ་སྨོན་གྱིས་བཏུམས་མྱོང་བའི་ལོ་ལེགས་ཙམ་ཡང་།
 
གལ་ཏེ  ཕ་ཡུལ་གྱི་སྟོན་མཇུག་དེ་འདས་པའི་བགྲང་བྱ་བཅུ་དྲུག་ཡིན་པའི་དབང་དུ་བཏང་ན།
ལྗིད་ཏིག་ཏིག་གི་རིན་ཐང་འཇོག་མ་ནུས་པ་འདི་ཡང་།
ང་ལ་དབང་བའི་དུས་ཚོད་དེ་ཕ་ཡུལ་གྱི་སྟོན་མཇུག་བཞིན་ཐུང་དྲག་པས་ཅི་ལ་མིན།
 
བསམ་གཞིག་གི་མགོ་བོ་ནམ་མཁར་བསྲིངས་དུས།
ད་གཟོད  ལོ་ཟླ་མང་བོ་ཞིག་འཆི་བདག་གིས་ཟོས་ཚར་བ་རྟོགས་བྱུང་།
དེ་ནི་ངའི་འདས་པའི་ལོ་ཟླ་ཉུང་དྲག་པས་མིན་ལ།
ཕ་ཡུལ་གྱི་སྟོན་མཇུག་ཐུང་དྲག་པས་ཀྱང་ཅི་ལ་ཡིན།
དེ་ནི་ཕ་ཡུལ་གྱི་སྟོན་མཇུག་དང་འདྲ་བའི་ལོ་ཟླ་མང་བོ་བརྩེགས་དྲག་པས་ཡིན་འདུག
 
འདི་ལྟར  སྡར་མ་ཁ་ཤས་ཀྱིས་རྒྱུ་མཚན་མང་བོ་འདྲེན་གྱིན་འདུག
ང་དང་ངའི་ཡུལ་མི་ལྷན་རྒྱས་ཀྱིས་ཀྱང་།
སྟོན་མཇུག་ཐུང་དྲག་པ་ལོ་ལེགས་མེད་པའི་རྒྱུ་མཚན་དུ་འདྲེན་ལ།
མི་ཚེ་ཐུང་དྲག་པ་རིན་ཐང་འཇོག་མ་ནུས་པའི་གསལ་བཤད་ལ་གདམས་ཀྱིན་ཡོད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།