སེམས་ངོགས་སུ་ཕུར་ཕུར་བྱས་རྗེས།

སེང་ཆེན།༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-03


ཁྲག་གི་རྒྱུ་བ་འགག་བྱེད་ཀྱི་དྲི་བའི་སྦྲིད་སྨན་དག་རེ་ཞིག་གམ་དུ་བསྐྱུར་ཏེ
ལམ་འདིའི་འགྲུད་བཞུད་པ་དང་ལྟད་མོ་མཁན་རེ་རེའི་ངོ་གདོང་ལ་ཅེར
རྐང་རྗེས་ལ་འཁྱིལ་བའི་གཟུགས་བརྙན་དག་གི་གཡབ་མོ་དང
སྐྲ་རྩེ་ནས་འབྱིལ་བའི་སྒྲ་དབྱངས་དག་གི་འགྱུར་ཁུགས་ལ་སྣོམ་དུས
སྙན་ཚིག་ལྟ་བུའི་གཟུགས་འདས་ཀྱི་མེ་ཏོག་དེ
ཟླ་གཞོན་ལྟ་བུའི་སེམས་ལྗོངས་ཀྱི་འཇིག་རྟེན་དེ
དུས་ཁབ་མི་ཡུལ་དུ་བལྟམས་པ་ནས
འགྲུད་བཞུད་པ་ཇི་འདྲའི་མང་པོ་ཞིག་གི་ལམ་རྒྱགས་སུ་གྱུར་མྱོང
ལྟད་མོ་བ་ཇི་འདྲའི་རྫོབ་པོ་དག་གི་གསོས་སྨན་དུ་བྱོན་མྱོང
ཐང་བདེ་མོ་ཞིག་ནས     གནས་དབེན་པ་ཞིག་ནས
སེམས་ལྷོད་པོ་ཞིག་གིས་རྟ་ཁ་དཀྱུ་དུས
ཆས་ཟིན་པའི་ལམ་ཁ་དེ
སྔར་བཞིན་འོད་དང་གྲིབ་མས་ཡོངས་སུ་བསྐྱིལ་ནས་འདུག
འགྲོ་གྲབས་ཀྱི་མདུན་ལྗོངས
ཆར་ཟིམ་ཟིམ་དང་སྨུག་ལོང་ལོང་གི་ན་བུན་གསེབ་ཀྱི་དཔག་བསམ་ལྗོན་པ་ཡིན་ཟེར
སུས་ཀྱང་ལམ་བུའི་སྣེ་མོ་གང་དུ་དཔྱངས་པ་ཤེས་མི་འདུག
སུས་ཀྱང་མེ་ཏོག་གི་དུས་ནི་ནམ་ཞིག་ལྷགས་པ་དོན་གྱིས་མི་རྟོགས
ཨོ  ང་ལ་ཉེས་པ་འདུག་མ་གསུངས་རོགས
འགྲུད་བཞུད་འདི་འུ་ཚོའི་སེམས་ནས་གཤགས་པའི་ལམ་བུ་རང་མིན་པར
ཟླ་བས་བསླུ་བའི་འོད་སྣང་གི་རླབས་གཉེར་དང
དུས་ཀྱི་སྐུལ་བའི་རེ་རྡོག་གི་འཕྱང་ཐག་དེ་མ་ཡིན་ནམ
དུས་ཚོད་ཁོ་ན་མ་གཏོགས
སེམས་ཀྱི་འཕར་སྒྲ་ཐོས་མཁན་སུ་ཡང་མེད་ལ
ངས་ཀྱང་དེར་ལེ་བདའ་བྱེད་མི་སྲིད
ཡིན་ཡང   ང་འགྲུད་བཞུད་པ་ཡིན་པས
ལམ་སྐྱ་བོ་ཞིག་ལ་རྡོག་ཁྲེས་དང་རྐང་རྗེས་ཀྱི་རི་མོ་འགོད་མཁན་ཡིན་པས
བཞུད་ལམ་འདི་ཇི་འདྲའི་ཀྱག་ཀྱོག་ཡིན་ཡང
ཟླ་གཞོན་ཅི་འདྲའི་མག་མོག་ཏུ་བཤད་ཀྱང་རུང
ང་བཞུད་ལམ་ལ་ཞེད་སྣང་སྐྱེས་མི་སྲིད
ངས་ཟླ་གཞོན་ལ་སྐུར་བ་འདེབས་མི་སྲིད
འུ་ཅག་མ་གཞི་ནས་སྨག་སྟུག་པོ་ཞིག་གི་བར་གསེང་དུ་འཚངས་ནས་ཡོད་པས
འུ་ཅག་གདོད་མ་ནས་གཟུགས་འདས་ཀྱི་རོལ་དབྱངས་ལ་དུངས་དྲག་པས
                                                   ༢༠༡༡   ༩   ༢༥
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ངོགས་སུ་ཕུར་ཕུར་བྱས་རྗེས།

2011-10-03 སེང་ཆེན།༼པེ་ཅིང༽ ཀློག་གྲངས། མཆན ཡོད།


ཁྲག་གི་རྒྱུ་བ་འགག་བྱེད་ཀྱི་དྲི་བའི་སྦྲིད་སྨན་དག་རེ་ཞིག་གམ་དུ་བསྐྱུར་ཏེ
ལམ་འདིའི་འགྲུད་བཞུད་པ་དང་ལྟད་མོ་མཁན་རེ་རེའི་ངོ་གདོང་ལ་ཅེར
རྐང་རྗེས་ལ་འཁྱིལ་བའི་གཟུགས་བརྙན་དག་གི་གཡབ་མོ་དང
སྐྲ་རྩེ་ནས་འབྱིལ་བའི་སྒྲ་དབྱངས་དག་གི་འགྱུར་ཁུགས་ལ་སྣོམ་དུས
སྙན་ཚིག་ལྟ་བུའི་གཟུགས་འདས་ཀྱི་མེ་ཏོག་དེ
ཟླ་གཞོན་ལྟ་བུའི་སེམས་ལྗོངས་ཀྱི་འཇིག་རྟེན་དེ
དུས་ཁབ་མི་ཡུལ་དུ་བལྟམས་པ་ནས
འགྲུད་བཞུད་པ་ཇི་འདྲའི་མང་པོ་ཞིག་གི་ལམ་རྒྱགས་སུ་གྱུར་མྱོང
ལྟད་མོ་བ་ཇི་འདྲའི་རྫོབ་པོ་དག་གི་གསོས་སྨན་དུ་བྱོན་མྱོང
ཐང་བདེ་མོ་ཞིག་ནས     གནས་དབེན་པ་ཞིག་ནས
སེམས་ལྷོད་པོ་ཞིག་གིས་རྟ་ཁ་དཀྱུ་དུས
ཆས་ཟིན་པའི་ལམ་ཁ་དེ
སྔར་བཞིན་འོད་དང་གྲིབ་མས་ཡོངས་སུ་བསྐྱིལ་ནས་འདུག
འགྲོ་གྲབས་ཀྱི་མདུན་ལྗོངས
ཆར་ཟིམ་ཟིམ་དང་སྨུག་ལོང་ལོང་གི་ན་བུན་གསེབ་ཀྱི་དཔག་བསམ་ལྗོན་པ་ཡིན་ཟེར
སུས་ཀྱང་ལམ་བུའི་སྣེ་མོ་གང་དུ་དཔྱངས་པ་ཤེས་མི་འདུག
སུས་ཀྱང་མེ་ཏོག་གི་དུས་ནི་ནམ་ཞིག་ལྷགས་པ་དོན་གྱིས་མི་རྟོགས
ཨོ  ང་ལ་ཉེས་པ་འདུག་མ་གསུངས་རོགས
འགྲུད་བཞུད་འདི་འུ་ཚོའི་སེམས་ནས་གཤགས་པའི་ལམ་བུ་རང་མིན་པར
ཟླ་བས་བསླུ་བའི་འོད་སྣང་གི་རླབས་གཉེར་དང
དུས་ཀྱི་སྐུལ་བའི་རེ་རྡོག་གི་འཕྱང་ཐག་དེ་མ་ཡིན་ནམ
དུས་ཚོད་ཁོ་ན་མ་གཏོགས
སེམས་ཀྱི་འཕར་སྒྲ་ཐོས་མཁན་སུ་ཡང་མེད་ལ
ངས་ཀྱང་དེར་ལེ་བདའ་བྱེད་མི་སྲིད
ཡིན་ཡང   ང་འགྲུད་བཞུད་པ་ཡིན་པས
ལམ་སྐྱ་བོ་ཞིག་ལ་རྡོག་ཁྲེས་དང་རྐང་རྗེས་ཀྱི་རི་མོ་འགོད་མཁན་ཡིན་པས
བཞུད་ལམ་འདི་ཇི་འདྲའི་ཀྱག་ཀྱོག་ཡིན་ཡང
ཟླ་གཞོན་ཅི་འདྲའི་མག་མོག་ཏུ་བཤད་ཀྱང་རུང
ང་བཞུད་ལམ་ལ་ཞེད་སྣང་སྐྱེས་མི་སྲིད
ངས་ཟླ་གཞོན་ལ་སྐུར་བ་འདེབས་མི་སྲིད
འུ་ཅག་མ་གཞི་ནས་སྨག་སྟུག་པོ་ཞིག་གི་བར་གསེང་དུ་འཚངས་ནས་ཡོད་པས
འུ་ཅག་གདོད་མ་ནས་གཟུགས་འདས་ཀྱི་རོལ་དབྱངས་ལ་དུངས་དྲག་པས
                                                   ༢༠༡༡   ༩   ༢༥
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།